ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམག་མི་གཉིས་ཨ་ཧྥུའུ་ཧན་ནས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བྱང་ཆིངས་རྩ་འཛུགས་ཀྱི་ཨ་ཧྥུའུ་ཧན་དུ་སྡོད་པའི་མཉམ་འབྲེལ་དམག་དཔུང་གིས་ཚེས་ཉེར་དྲུག་ཉིན་བདེན་དཔང་བྱས་དོན། ཨ་མེ་རི་ཁའི་དམག་མི་གཉིས་ཚེས་ཉེར་ལྔ་ཉིན་ཨ་ཧྥུའུ་ཧན་ནས་རྐྱེན་ལམ་དུ་ཤོར་ཟེར། 

བྱང་ཆིངས་རྩ་འཛུགས་ཀྱི་ཨ་ཧྥུའུ་ཧན་དུ་སྡོད་པའི་མཉམ་འབྲེལ་དམག་དཔུང་གི་མགྲིན་ཚབ་པས་ཁ་པར་བཅར་འདྲིའི་ཁྲོད་གསར་འགོད་པར་བཤད་རྒྱུར། ཨ་མེ་རི་ཁའི་དམག་མི་གཉིས་ཨ་ཧྥུའུ་ཧན་ནས་རྐྱེན་ལམ་དུ་ཤོར་བ་ངས་བདེན་དཔང་བྱས་པ་ཡིན་ཟེར། 

མགྲིན་ཚབ་པ་དེས་ཨ་མེ་རི་ཁའི་དམག་མི་དེ་གཉིས་ཇི་ལྟར་རྐྱེན་ལམ་དུ་ཤོར་བའི་ཐད་ཀྱི་གནས་ཚུལ་ཞིབ་ཏུ་བརྗོད་མེད་པ་རེད། 

ཐཱ་ལེ་པན་གྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གྱིས་ཚེས་ཉེར་ལྔ་ཉིན་ཝ་ཨར་ཏཱ་ཁི་ཞིང་ཆེན་གྱི་སེ་དབྱེ་ཏཱ་པཱ་ཏི་ས་ཁུལ་ནས་ཨ་མེ་རི་ཁའི་དམག་མིར་འཇབ་རྒོལ་བྱས་ཏེ། ཨ་མེ་རི་ཁའི་དམག་མི་གཉིས་བསད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།