ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཙི་པེ་ཁི་སི་ཐན་གྱིས་རིགས་སྣ་ཚོགས་ཀྱི་དུག་རྫས་ཏུན་གཅིག་གཅིག་བསྡུས་སྒོས་མེད་པར་བཟོས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཙི་པེ་ཁི་སི་ཐན་གྱི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཚེས་ཉེར་དྲུག་ཉིན་རྒྱལ་ས་ཐཱ་ཧྲི་ཀན་གྲོང་ཁྱེར་ཉེ་འདབས་ཀྱི་བཟོ་གྲྭ་ཞིག་གི་ནང་དུ་རིགས་སྣ་ཚོགས་ཀྱི་དུག་རྫས་གཅིག་བསྡུས་བྱས་ནས་མེད་པར་བཏང་བ་དང་། སྤྱིའི་ལྗིད་ཚད་ཏུན་གཅིག་ལས་བརྒལ་ཡོད། 

ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་དུག་འགོག་བརྡ་འཕྲིན་དང་དབྱེ་ཞིབ་ལྟེ་གནས་ཀྱི་རྒྱལ་སྤྱིའི་ཀྲུའུ་རིན་ཨེ་ཨར་ཁཱ་པའོ་ཡེ་ཧྥུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། མེད་པར་བཟོས་པའི་དུག་རྫས་ཁྲོད་དུ་ཉལ་ཐལ་སྤྱི་རྒྱ་བརྒྱ་དང་གོ་ལྔ་དང་སོ་མ་ར་ཛ་སྤྱི་རྒྱ་ལྔ་བརྒྱ་དང་ང་བདུན། དེ་མིན་བཟི་སྨན་གྱི་རིགས་དང་དབང་བོ་འཕྲུལ་བར་བྱེད་པའི་སྨན་རྫས་སོགས་འདུས་ཡོད་ཟེར། 

རྒྱལ་སྤྱིའི་རྩ་འཛུགས་དང་ཝུའུ་ཁི་ལན་དུ་སྡོད་པའི་རྒྱལ་ཁབ་མང་བོའི་གཞུང་ཚབ་ཆེན་མོའི་འཐུས་མི་དུག་རྫས་མེད་པར་གཏོང་བའི་མཛད་སྒོར་ཞུགས། 

ཝུའུ་ཙི་པེ་ཁི་སི་ཐན་ལྷོ་ངོས་ནས་ཨ་ཧྥུའུ་ཧན་དང་འདབས་འབྲེལ་དུ་ཡོད་པ་དང་། ཨ་ཧྥུའུ་ཧན་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་དུག་རྫས་ཐོན་སྐྱེད་བྱེད་ས་ཞིག་ཡིན་ཞིང་། ལོ་རེར་ཨ་ཧྥུའུ་ཧན་ནས་ཐོན་སྐྱེད་ལས་སྣོན་བྱས་པའི་དུག་རྫས་མང་བོ་ཨེ་ཤ་ཡཱ་དབུས་མ་བརྒྱུད་དེ་འཛམ་གླིང་གི་ས་ཁུལ་གཞན་པར་འཚོང་བཞིན་ཡོད། ན་ནིང་ཝུའུ་ཙི་པེ་ཁི་སི་ཐན་གྱིས་བསྡོམས་པས་རིགས་སྣ་ཚོགས་ཀྱི་དུག་རྫས་ཏུན་གཅིག་དང་གྲངས་ཆུང་དྲུག་མེད་པར་བཏང་བ་དང་། དུག་རྫས་དང་འབྲེལ་བའི་གྱོད་དོན་སྟོང་བཞི་དང་བདུན་བརྒྱ་གོ་དགུ་རྩད་ཆོད་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།