ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་གིས་ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་པའི་ཞི་བདེའི་འཕེལ་རིམ་ནང་ཞུགས་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། ཡེ་མིན་གྱི་ཙུང་ཐུང་གཞོན་པ་ཨེ་ཧཱ་མེད་ཨར་གྱིས་ཉིན་དེར་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་བསྟན་དོན། ཡེ་མིན་སྲིད་གཞུང་ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་བྱས་པའི་ཞི་བདེའི་འཕེལ་རིམ་ནང་ཞུགས་རྒྱུ་ཡིན་ཟེར། 

ཡེ་མིན་སཱ་པཱ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨེ་ཧཱ་མེད་ཨར་གྱིས་ཉིན་དེར་ལེ་ཡཱ་ཏི་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་དང་གྲོས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། ཡེ་མིན་སྲིད་གཞུང་གིས་ཞི་བདེ་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་ཅིང་། ཕྱོགས་ཡོངས་ནས་སི་ཏི་ཀི་ཨར་མའོ་གྲོས་མཐུན་དངོས་འབེབ་བྱེད་རྒྱུ་ཁས་ལེན་བྱས་ཡོད་ལ། ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་བྱས་པའི་ཞི་བདེའི་འཕེལ་རིམ་ནང་ཞུགས་རྒྱུ་་ཡིན་ཟེར། 

ཀི་ལི་ཧྥེ་སིའི་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ཏེ། ཀི་ལི་ཧྥེ་སི་ཡིས་ཉིན་དེར་ཨེ་ཧཱ་མེད་ཨར་དང་མཉམ་དུ་ཡེ་མིན་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཐད་གྲོས་བསྡུར་བྱས་པ་དང་། སི་ཏི་ཀི་ཨར་མའོ་གྲོས་མཐུན་དངོས་འབེབ་བྱེད་པའི་ཐད་ནས་མྱུར་མོར་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ལེན་པའི་གལ་ཆེན་རང་བཞིན་བསྐྱར་སྒྲོག་བྱས། ཀི་ལི་ཧྥེ་སི་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་ཡེ་མིན་ཕྱོགས་སོ་སོའི་བར་མཉམ་ལས་བྱས་ཏེ། ཕྱོགས་སོ་སོས་ཞི་བདེའི་གྲོས་མཐུན་འགོད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།