ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་མང་ཚོགས་ཀྱིས་ཁྲོམ་སྐོར་བྱས་ཏེ་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་རྒྱ་གར་དུ་འཚམས་འདྲི་བྱེད་པར་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱ་གར་གྱི་མང་ཚོགས་བརྒྱ་ཕྲག་འགའ་ཡིས་ཚེས་ཉེར་ལྔ་ཉིན་རྒྱལ་ས་དྷི་ལེ་གསར་བའི་གྲོང་ཁྱེར་ལྟེ་གནས་ནས་ཁྲོམ་སྐོར་བྱས་ཏེ། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་རྒྱ་གར་དུ་འཚམས་འདྲི་བྱེད་པར་ངོ་རྒོལ་བྱས་པ་དང་། ཨ་མེ་རི་ཁའི་དབུས་ཤར་སྲིད་ཇུས་དང་དེའི་ཉོ་ཚོང་སྲུང་སྐྱོབ་རིང་ལུགས། ཕྱོགས་གཅིག་རིང་ལུགས་ཀྱི་སྲིད་ཇུས་བཅས་ལ་རྒོལ་གཏམ་བཏང་། 

ངོ་རྒོལ་མཁན་གྱིས་དབྱི་ལིང་བར་འཐབ་འཁྲུག་སློང་མི་རུང་བ་དང་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པ་སོགས་ཀྱི་འཕྲེད་བྱང་བཟུང་ནས། དབྱི་ལིང་ལ་ཐེ་གཏོགས་བྱེད་མི་རུང་བ་དང་ཨ་མེ་རི་ཁའི་གནོན་ཤུགས་ལ་མགོ་སྒུར་མི་རུང་བའི་ཁ་གཡང་མཐོན་པོར་བསྒྲགས། ངོ་རྒོལ་མཁན་ལ་ལས་རྒྱ་གར་སྲིད་གཞུང་གིས་ཨ་མེ་རི་ཁའི་གནོན་ཤུགས་དབང་གིས་དབྱི་ལིང་ནས་རྡོ་སྣུམ་ནང་འདྲེན་བྱེད་མཚམས་འཇོག་མི་རུང་བའི་འབོད་སྐུལ་བཏང་བ་དང་། གཞན་ཡང་ངོ་རྒོལ་མཁན་ལ་ལས་ཨ་མེ་རི་ཁས་ཁུ་པཱ་དང་ཝེ་ནེ་ཙུའེ་ལཱའི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་རུང་བའི་རེ་བ་བཏོན་ཡོད། 

ཐེངས་འདིའི་ངོ་རྒོལ་བྱ་འགུལ་རྩ་འཛུགས་བྱེད་མཁན་པཱ་སུའུ་ཡིས་བཤད་རྒྱུར། ང་ཚོས་ཨ་མེ་རི་ཁའི་བཙན་རྒྱལ་སྒེར་གཅོད་རིང་ལུགས་ཀྱི་སྲིད་ཇུས་ལ་ངོ་རྒོལ་བྱེད་པ་དང་། རྒྱ་གར་སྲིད་གཞུང་གིས་ཨ་མེ་རི་ཁའི་གནོན་ཤུགས་ལ་མགོ་སྒུར་མི་རུང་བའི་རེ་བ་བཏོན་ཡོད། ཨ་མེ་རི་ཁའི་སྲིད་ཇུས་དེ་རིགས་རྒྱ་གར་གྱི་ཁེ་ཕན་དང་མི་འཚམ་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་དྷི་ལེ་གསར་བར་འབྱོར་ནས། རྒྱ་གར་ལ་དུས་ཡུན་ཉིན་གསུམ་གྱི་འཚམས་འདྲི་བྱེད་མགོ་བརྩམས། འཚམས་འདྲིའི་སྐབས་སུ། ཕིན་ཕའེ་ཨོ་ཡིས་རྒྱ་གར་གྱི་ཙུང་ལི་མའོ་ཏིས་དང་ཕྱི་འབྲེལ་བློན་ཆེན་སུའུ་ཅེ་ཧྲིན་སོགས་དང་གྲོས་མོལ་བྱེད་རྒྱུ་ཡིན་པ་རེད། ཕིན་ཕའེ་ཨོ་ནི་མའོ་ཏིས་ཀྱི་སྲིད་གཞུང་གསར་བས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བའི་ཚུན་ལ་རྒྱ་གར་དུ་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་མཐོ་རིམ་དཔོན་པོ་ཐོག་མ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།