ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་སྲིད་གཞུང་དཔོན་རིགས་ཀྱིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་མའོ་ཧན་མའོ་ཏི་ཡིས་ཚེས་ཉེར་དྲུག་ཉིན་ནས་བཟུང་ཧན་གོར་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཧན་གོའི་མགོ་ཁྲིད་པ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་དང་ཁྱབ་ཁོངས་གཞན་པའི་མཉམ་ལས་ལ་གྲོས་བསྡུར་བྱེད་རྒྱུ་རེད།
འཚམས་འདྲི་བྱེད་པའི་ཡུན་ཚད་ཉིན་གཉིས་ཡིན་པ་དང་། གཅིག་སྟོང་དགུ་བརྒྱ་གོ་བརྒྱད་ལོར་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད། སོ་ཏི་ཨ་རབ་སྔོན་ཆད་ཀྱི་རྒྱལ་བོ་པིན་ཨ་པུའུ་ཏུའུ་ལཱ་ཨ་ཆི་ཙི་ཡིས་ཧན་གོར་འཚམས་འདྲི་བྱས་རྗེས། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་གསར་བས་ཐོག་དང་པོར་ཧན་གོར་འཚམས་འདྲི་བྱས་པ་རེད། ཧན་གོའི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་བཤད་རྒྱུར། ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཚེས་ཉེར་དྲུག་ཉིན་མུའུ་ཧན་མའོ་ཏི་ལ་ཐུག་འཕྲད་བྱེད་རྒྱུ་རེད།
ཧན་གོའི་དཔོན་རིགས་ཀྱིས་བཤད་པ་ལྟར་ན། ཕྱོགས་གཉིས་ཀྱིས་ནུས་ཁུངས་དང་སྤྱི་བའི་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ནས་གྲོས་མཐུན་རབ་དང་རིམ་པ་འགོད་རྒྱུ་རེད་ཟེར།