ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་གྱི་ལཱ་ཅཱ་སི་ཐན་པང་ནས་སྟབས་བདེ་ཁང་བ་རྡིབས་པའི་དོན་རྐྱེན་བྱུང་སྟེ་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱ་གར་གྱི་ལཱ་ཅཱ་སི་ཐན་པང་གི་པཱ་ཨར་མཱེ་ཨར་ས་ཁུལ་དུ་ཚེས་ཉེར་གསུམ་ཉིན་སྟབས་བདེ་ཁང་བ་རྡིབས་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགའ་ལ་རྨས་ཕོག 

བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ཉིན་དེའི་ཕྱི་དྲོར་ཟླ་བཞི་བའི་ཚེས་སུམ་ཅུའི་ཡས་མས་སུ་བྱུང་བ་དང་། དོན་རྐྱེན་བྱུང་སྐབས་མང་ཚོགས་རེ་འགའ་གནས་སྐབས་སུ་ལས་པའི་སྟབས་བདེའི་ཁང་བའི་ནང་ཐུན་མོང་བྱ་འགུལ་ལ་ཞུགས་བཞིན་ཡོད། གློ་བུར་དུ་བྱུང་བའི་དྲག་རླུང་ཁྲོད་སྟབས་བདེ་ཁང་བ་དེ་ལོག་ནས་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་རེད་ཟེར། 

དོན་རྐྱེན་བྱུང་རྗེས། རྨས་མ་དག་མྱུར་མོར་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱས། རྒྱ་གར་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་དང་ལཱ་ཅཱ་སི་ཐན་པང་གི་དབུ་བཞུགས་པུའུ་ཀྲང་གིས་དེའི་རྗེས་སུ་འདས་པོར་མྱ་ངན་ཞུས་པ་དང་། རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས། མིག་སྔར་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།