ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་ཨ་མེ་རི་ཁའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གསུམ་ཉིན་བསྟན་དོན། ཨུ་རུ་སི་ཡིས་ཨ་མེ་རི་ཁའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་པ་དང་། གྲོས་མོལ་ལ་བརྟེན་ནས་ཐུན་མོང་ལྟ་ཚུལ་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར། 

ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སིའི་རང་བཙན་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་བར་རྒྱལ་སྤྱིའི་གནད་དོན་རེ་འགའ་ཐག་གཅོད་བྱེད་པའི་ཐད་རང་རང་ལ་ལྟ་ཚུལ་མི་འདྲ་བ་ཡོད། ཨ་མེ་རི་ཁའི་དབང་འཛིན་ལས་ཁུངས་ཀྱིས་ཤེས་གསལ་ལྟར་ཨུ་རུ་སི་ཡིས་གནོན་ཤུགས་ལ་མགོ་སྒུར་མི་སྲིད། དེ་བས་རྒྱལ་ཁབ་གཉིས་ཀྱིས་ངེས་པར་དུ་གྲོས་མོལ་བྱས་ན་ད་གཟོད་ཐུན་མོང་ལྟ་ཚུལ་འཚོལ་ཞིབ་བྱེད་ཐུབ་ཟེར། 

ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། གལ་ཏེ་ཨ་མེ་རི་ཁ་ཕྱོགས་ཀྱིས་གྲོས་མོལ་བྱེད་དགོས་ན། ཨུ་རུ་སིའི་ཕྱོགས་ཀྱིས་གྲོས་མོལ་ལ་གྲ་སྒྲིག་བྱེད་སྲིད་པ་དང་། གལ་ཏེ་ཨ་མེ་རི་ཁར་གྲོས་མོལ་དགོས་མཁོ་མེད་ན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁས་བསམ་བློ་ལེགས་པོ་གཏོང་རག་བར་དུ་མུ་མཐུད་དུ་རེ་སྒུག་བྱེད་སྲིད་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་རང་ཉིད་ཀྱིས་ཕྱི་ཕྱོགས་སྲིད་ཇུས་ལ་ཐག་གཅོད་བྱེད་ཐུབ་ཀྱང་། ཨ་མེ་རི་ཁའི་སྒྲིག་ལུགས་དེས་ཐི་ལིང་ཕུའུ་ལ་བཀག་རྒྱ་བཟོས་ཏེ། ཁོས་བསྒྲུབ་འདོད་པའི་དོན་དག་མང་བོ་ཞིག་བསྒྲུབ་ཐབས་མེད་པར་གྱུར་ཡོད་ལ། དོན་དག་མང་བོ་ཞིག་ཆབ་སྲིད་ཀྱི་འདོད་བློ་ལ་རག་ལས་པའང་མངོན་གསལ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།