ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་གིས་མཉམ་འབྲེལ་རྒྱལ་ཚོགས་བར་གྱི་འགྲོ་མིའི་ཐོབ་ཐང་གནད་དོན་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་རྒྱལ་ས་ཅཱ་ལཱ་ཅཱ་སི་ནས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་བར་གྱི་འགྲོ་མིའི་ཐོབ་ཐང་གནད་དོན་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། 

མཱ་ཏུའུ་ལོ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པ། ཀྲི་ལིའི་སྔོན་ཆད་ཀྱི་ཙུང་ཐུང་པཱ་ཆེ་ལའེ་ཐི་དང་གྲོས་མོལ་བྱས། མཱ་ཏུའུ་ལོ་ཡིས་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཕྱོགས་གཉིས་བར་གནད་དོན་རེ་འགའི་ཐད་འགལ་བ་ཡོད་ཀྱང་། ཝེ་ནེ་ཙུའེ་ལཱ་ཕྱོགས་ཀྱིས་ནན་ཏན་གྱིས་པཱ་ཆེ་ལའེ་ཐི་ཡི་བསམ་འཆར་དང་གྲོས་གཞི་དང་ལེན་བྱས་ཏེ། ཝེ་ནེ་ཙུའེ་ལཱའི་འགྲོ་མིའི་ཐོབ་ཐང་ལས་དོན་ལ་འཕེལ་རྒྱས་གཏིང་ཟབ་འབྱུང་དུ་འཇུག་རྒྱུ་ཡིན་ཟེར། ཁོས་ད་རུང་བཤད་རྒྱུར། ཝེ་ནེ་ཙུའེ་ལཱའི་རྩ་ཁྲིམས་གཏན་འབེབས་ཚོགས་ཆེན་གྱིས་རྒྱལ་ཁབ་རང་གི་སྤྱི་དམངས་ཀྱི་འགྲོ་མིའི་ཐོབ་ཐང་ལ་འགན་སྲུང་བྱེད་པའི་ཐད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་ཆེད་དོན་གཞུང་སྒྲུབ་ཁང་བར་གྱི་འབྲེལ་བ་བཟང་བོ་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ཟེར། 

པཱ་ཆེ་ལའེ་ཐི་ཡིས་དེའི་རྗེས་སུ་ཅཱ་ལཱ་ཅཱ་སི་བྱང་ཕྱོགས་ཀྱི་མེད་ཁི་ཏིས་ཡཱ་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སྤེལ་ཏེ་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་ཆེད་དོན་གཞུང་སྒྲུབ་ཁང་གིས་ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་བར་གྲོས་མཐུན་རབ་དང་རིམ་པ་བཀོད་དེ། ཕྱོགས་གཉིས་ཀྱི་འགྲོ་མིའི་ཐོབ་ཐང་གནད་དོན་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། པཱ་ཆེ་ལའེ་ཐི་ཡིས་བཤད་རྒྱུར། ང་ཚོས་ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་བར་ཐུན་མོང་ལྟ་ཚུལ་བཀོད་དེ། འགྲོ་མིའི་ཐོབ་ཐང་ལས་དོན་གྱི་ལས་བྱེད་མི་སྣ་གཉིས་ཀྱིས་གྲུབ་པའི་ཚོགས་ཁག་ཆུང་བ་དུས་ཡུན་རིང་བོར་ཝེ་ནེ་ཙུའེ་ལཱ་རུ་བསྡད་ནས་རོགས་སྐྱོར་དང་ལག་རྩལ་བློ་འདྲི་འདོན་སྤྲོད་བྱེད་པའི་འགན་ཁུར་རྒྱུ་ཡིན་ཟེར། 

པཱ་ཆེ་ལའེ་ཐི་ཚེས་བཅུ་དགུའི་ཉིན་གྱི་ཕྱི་དྲོར་ཝེ་ནེ་ཙུའེ་ལཱ་རུ་འབྱོར་ནས་དུས་ཡུན་ཉིན་གསུམ་གྱི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། དེའི་སྐབས་སུ་ཁོ་མོས་ཝེ་ནེ་ཙུའེ་ལཱ་སྲིད་གཞུང་གིས་འཐུས་མི་མང་བོར་ཐུག་འཕྲད་བྱས། ཝེ་ནེ་ཙུའེ་ལཱ་ཕྱོགས་ཀྱིས་པཱ་ཆེ་ལའེ་ཐི་དང་གྲོས་མོལ་བྱེད་སྐབས་ཨ་མེ་རི་ཁ་ཕྱོགས་ཀྱིས་ད་ལོའི་ཚུན་ལ་ཕྱོགས་གཅིག་ནས་ཝེ་ནེ་ཙུའེ་ལཱའི་ཕྱི་རྒྱལ་གྱི་རྒྱུ་ནོར་བཀག་འགོག་བྱས་པ་དང་། དཔལ་འབྱོར་དང་ཉོ་ཚོང་ལ་བཀག་སྡོམ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་ལས་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ཏུ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་གནས་ཚུལ་མངོན་པར་བྱས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་འདུམ་འགྲིག་ལ་ཞུགས་ནས་ཝེ་ནེ་ཙུའེ་ལཱའི་འགྲོ་མིའི་ཐོབ་ཐང་གི་གནས་ཚུལ་ལེགས་བཅོས་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།