ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་ལྷོ་ཕྱོགས་ས་ཁུལ་དུ་མེ་འཁོར་གཉིས་ཐོ་བརྒྱབ་སྟེ་མི་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་ལྷོ་ཕྱོགས་ཀྱི་ཞིན་ཏི་ཞིང་ཆེན་གྱི་ཧེ་ཏི་ལཱ་པཱ་གྲོང་ཁྱེར་ཉེ་འདབས་སུ་ཚེས་ཉི་ཤུའི་ཉིན་མེ་འཁོར་གཉིས་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར། 

ཕཱ་ཁི་སི་ཐན་གྱི་ལྕགས་ལམ་པུའུ་ཀྲང་ཞེ་ཧི་ལཱ་ཞི་ཏི་ཨེ་ཧཱ་མེད་ཏི་ཡིས་བཤད་རྒྱུར། ཉིན་དེའི་ཕྱི་དྲོར། ལྷོ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཁཱ་ལཱ་ཆི་ནས་ཤར་ཕྱོགས་ཀྱི་ལཱ་ཧཱ་ཨར་དུ་བགྲོད་པའི་འགྲུལ་སྐྱེལ་མེ་འཁོར་ཞིག་ཧེ་ཏི་ལཱ་པཱ་གྲོང་ཁྱེར་ཉེ་འདབས་སུ་བགྲོད་སྐབས་དངོས་སྐྱེལ་མེ་འཁོར་ཞིག་དང་ཐོ་བརྒྱབ་སྟེ། འགྲུལ་སྐྱེལ་མེ་འཁོར་གྱི་ཁ་ལོ་བ་གཉིས་དང་དངོས་སྐྱེལ་མེ་འཁོར་གྱི་བདེ་སྲུང་བ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། འགྲུལ་བ་མང་བོར་རྨས་ཕོག་ཡོད་ལ། དོན་རྐྱེན་དེ་ལས་འགྲུལ་སྐྱེལ་མེ་འཁོར་གྱི་འཁོར་སྒམ་མང་བོ་ལྕགས་ལམ་ལས་བརྒལ་ཡོད་ཟེར། 

ཞེ་ཧི་ལཱ་ཞི་ཏི་ཨེ་ཧཱ་མེད་ཏི་ཡིས་བསྟན་དོན། ལྕགས་ལམ་པུའུ་ཡིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་དོན་རྐྱེན་གྱི་འབྱུང་རྐྱེན་ནི་འགྲུལ་སྐྱེལ་རླངས་འཁོར་དེར་འགྲིམ་འགྲུལ་གྱི་བརྡ་རྟགས་མ་ཐོབ་པས་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།