ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་བྱང་ཕྱོགས་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་བྱང་ཕྱོགས་ཀྱི་ཞི་མཱ་ཞེ་ཨར་པང་ནས་ཚེས་ཉི་ཤུའི་ཉིན་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་ཅུ་ལྷག་ལ་རྨས་ཕོག་ཡོད་ཟེར། 

རྒྱ་གར་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། མི་སྒེར་གྱི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ཉིན་དེར་ཞེ་མཱ་ཞེ་ཨར་པང་གི་ཀུའུ་ལུའུ་ས་ཁུལ་ནས་གྲོག་རོང་དུ་ལྷུང་། འགྲུལ་སྐྱེལ་རླངས་འཁོར་ཆེ་བ་དེའི་ཆག་སྒོ་འབྱུང་རྐྱེན་ད་རུང་གསལ་བོར་མི་ཤེས། དོན་རྐྱེན་བྱུང་རྗེས་ཉེ་འདབས་ཀྱི་སྡོད་དམངས་དང་ཉེན་རྟོག་ཕྱོགས་ཀྱིས་དུས་མཉམ་དུ་རྒུད་སྐྱོབ་སྤེལ་བ་དང་། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ཡོད་ཟེར། མིག་སྔར་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར། 

ཀུའུ་ལུའུ་ས་ཁུལ་གྱི་ཉེན་རྟོག་དཔོན་པོ་ཞིག་གིས་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། རྨས་མ་སྐོར་ཞིག་གི་རྨས་སྐྱོན་ཅུང་ཚབས་ཆེན་ཡིན་པས། འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་མི་འགྲོ་བའི་ངེས་པ་མེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།