ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཚབ་མས་ཡང་བསྐྱར་དབུས་ཤར་ས་ཁུལ་དུ་དམག་མི་སྟོང་གཅིག་ཙམ་ཁ་སྣོན་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཚབ་མ་ཧྲ་ནཱ་ཧན་གྱིས་ཚེས་བཅུ་བདུན་ཉིན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁའི་དམག་དཔུང་གིས་ཡང་བསྐྱར་དབུས་ཤར་ས་ཁུལ་དུ་དམག་མི་སྟོང་གཅིག་ཙམ་ཁ་སྣོན་བྱས་ཏེ། ས་དེའི་འཇིགས་ཉེན་ལ་ཁ་གཏད་འཇལ་རྒྱུ་ཡིན་ཟེར། དེ་ནི་ཨ་མེ་རི་ཁས་ཉེ་བའི་ཟླ་ངོ་གཅིག་གི་ནང་ཐེངས་གཉིས་པར་དབུས་ཤར་ས་ཁུལ་དུ་དམག་མི་ཁ་སྣོན་བྱས་པ་རེད། 

ཧྲ་ནཱ་ཧན་གྱིས་རྒྱལ་སྲུང་པུའུ་ནས་ཉིན་དེར་གསལ་སྒྲོག་ཅིག་སྤེལ་ཏེ་ཆོད་དོན་དེ་ཁྱབ་སྒྲོག་བྱས་པ་རེད། ཁོས་བཤད་རྒྱུར། ཨ་མེ་རི་ཁའི་བྱ་སྤྱོད་དེ་ནི་སྔོན་འགོག་དམིགས་ཡུལ་དུ་བྱས་ཏེ། དབུས་ཤར་ས་ཁུལ་གྱི་མཚོ་སྐམ་མཁའ་གསུམ་གྱི་འཇིགས་ཉེན་ཐག་གཅོད་བྱེད་ཆེད་ཡིན་ཟེར། ཁོས་བཤད་རྒྱུར། ཆོད་དོན་དེ་ནི་ཨ་མེ་རི་ཁའི་དམག་དཔུང་གི་ཀྲུང་དབྱང་དམག་སྤྱི་ཁང་གིས་དེའི་སྔོན་གྱི་དམག་མི་ཁ་སྣོན་གྱི་རེ་བ་དང་ལེན་བྱས་པ་ཡིན་ལ། ཕོ་བྲང་དཀར་པོ་དང་ཇུས་འདོན་དཔོན་པོའི་མཉམ་ཞུགས་གྲོས་ཚོགས་ཀྱི་ཀྲུའུ་ཞིར་བརྡ་བཏང་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཧྲ་ནཱ་ཧན་གྱིས་ཡང་བསྐྱར་དབྱི་ལིང་དང་དེའི་ཚབ་བྱེད་མཁན་གཞན་པའི་དབུས་ཤར་ས་ཁུལ་གྱི་བྱ་སྤྱོད་ངན་པ་ལས་ཨ་མེ་རི་ཁའི་ས་ཁུལ་དེའི་མི་སྣ་དང་ཁེ་ཕན་བདེ་འཇགས་ལ་འཇིགས་ཉེན་བཟོས་པར་སྐྱོན་འཛུགས་བྱས། ཁོས་བསྟན་དོན། མ་འོངས་པར་ཨ་མེ་རི་ཁའི་དམག་དཔུང་གིས་མུ་མཐུད་དུ་ས་ཁུལ་དེའི་གནས་བབ་འཕེལ་རྒྱས་ལ་དོ་སྣང་ཟབ་མོ་བྱེད་རྒྱུ་མ་ཟད། དགོས་མཁོ་ལྟར་དུ་ཨ་མེ་རི་ཁའི་དམག་ཤུགས་བཀོད་སྒྲིག་ལ་ལེགས་སྒྲིག་བྱེད་སྲིད་ཀྱང་། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་ལིང་བར་འཐབ་འཁྲུག་བྱེད་པར་བརྩོན་ལེན་བྱེད་མི་སྲིད་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཨོ་ཨར་ཐཱ་ཀི་སི་ཡིས་ཚེས་བཅུ་བདུན་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཚེས་བཅོ་བརྒྱད་ཉིན་ཧྥོ་ལོ་ལི་ཏཱ་ཀྲིག་ཐན་ཕཱ་རུ་ཡོད་པའི་ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་དང་དམིགས་བསལ་འཐབ་འཁྲུག་དམག་སྤྱི་ཁང་གི་སྤྱི་ཁྱབ་པུའུ་རུ་སོང་ནས། དམག་དཔུང་དག་དང་མཉམ་དུ་དབུས་ཤར་ས་ཁུལ་གྱི་བདེ་འཇགས་སེམས་ཁུར་དང་འགུལ་སྐྱོད་སོགས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།