ཀྲུང་གོ་བོད་ཀྱི་དྲ་བ།

ཡུལ་གྱར་བའི་གྲུ་གཟིངས་ཤིག་ཐུར་ཁེའི་ནུབ་ཕྱོགས་མཚོ་ཁོངས་ནས་རྒྱ་མཚོར་ནུབ་ནས་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཚེས་བཅུ་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཡུལ་གྱར་བའི་གྲུ་གཟིངས་ཤིག་ཉིན་དེར་ནུབ་ཕྱོགས་ཀྱི་ཨེ་ཆིན་མཚོ་ཁོངས་ནས་རྒྱ་མཚོར་ནུབ་པ་དང་། མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། རྒུད་སྐྱོབ་མི་སྣས་གཏིང་ཚད་ལ་རྨིད་སོ་གཉིས་ཡོད་པའི་མཚོ་གཏིང་གི་གྲུ་ནང་ནས་བེམ་པོ་བཅུ་གཉིས་རྙེད་ཡོད། མིག་སྔར་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད། གསལ་སྒྲོག་ལས་ཡུལ་གྱར་བའི་གྲུ་གཟིངས་དེ་ཡུལ་གང་ནས་ཡོང་བ་དང་གནས་གང་དུ་འགྲོ་བ་གསལ་བོར་བསྒྲགས་མེད། 

ཐུར་ཁེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་གསལ་སྒྲོག་སྤེལ་ཏེ། མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་མི་སོ་གཅིག་སྲོག་ཉེན་ལས་བསྐྱབས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།