ཀྲུང་གོ་བོད་ཀྱི་དྲ་བ།

ནེའུ་ཙེ་ལན་གྱི་གནམ་གྲུ་ཆུང་བ་གཉིས་ཐོ་བརྒྱབ་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེའུ་ཙེ་ལན་གྱི་ཉེན་རྟོག་ཅུའུ་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ནེའུ་ཙེ་ལན་གླིང་ཕྲན་བྱང་མའི་མཁར་གྲོང་མཱ་སི་ཐི་ཏོན་ཉེ་འདབས་སུ་ཉིན་དེར་གནམ་གྲུ་ཆུང་བ་གཉིས་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། གནམ་གྲུའི་ཁ་ལོ་བ་གཉིས་རྐྱེན་ལམ་དུ་ཤོར། 

གནས་ཚུལ་དངོས་སུ་མཐོང་མཁན་ཞིག་གིས་བཤད་རྒྱུར། གནམ་གྲུ་གཉིས་ཐོ་བརྒྱབ་པའི་སྐབས་སུ་འགས་གཏོར་གྱི་སྒྲ་ཆེན་པོ་གྲགས་པ་དང་། གནམ་གྲུའི་ཆག་རོ་སར་ལྷུང་ནས་ས་ངོས་སུ་མེ་སྐྱོན་ཆེན་པོ་བྱུང་ཡོད་ཟེར། གནས་ཚུལ་དངོས་སུ་མཐོང་མཁན་གཞན་ཞིག་གིས་བཤད་རྒྱུར། གནམ་གྲུ་དེ་གཉིས་ནི་མཱ་སི་ཐི་ཏོན་གནམ་གྲུ་ཐང་དུ་ཕྱིར་ལོག་ནས་སར་འབབ་རྩིས་བྱེད་སྐབས་ཐོ་བརྒྱབ་པ་རེད་ཟེར། 

ནེའུ་ཙེ་ལན་གྱི་དོན་རྐྱེན་རྟོག་ཞིབ་ཨུ་ཡོན་ལྷན་ཁང་གིས་བསྟན་དོ། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།