ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ནས་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་གཉིས་ཐོ་བརྒྱབ་སྟེ་ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་འཕྲོད་བསྟེན་པུའུ་ཡིས་ཚེས་བཅུ་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། འགྲུལ་སྐྱེལ་རླངས་འཁོར་ཆུང་བ་གཉིས་ཉིན་དེར་ཨེ་ཅིབ་ཁེ་རོ་ལྷོ་ངོས་ཀྱི་ཧི་ལེ་ཝན་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་ཞིག་གི་སྟེང་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལ་རྨས་ཕོག་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དོན་རྐྱེན་བྱུང་རྗེས་ཨེ་ཅིབ་འཕྲོད་བསྟེན་པུའུ་ཡིས་མྱུར་སྐྱོབ་རླངས་འཁོར་བཅུ་གཉིས་དངོས་ཡུལ་སུ་མངག་གཏོང་བྱས་པ་དང་། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།