ཧྥེ་ལེ་པེན་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥེ་ལེ་པེན་ནན་ཀན་མཱ་ལིན་ཞིང་ཆེན་གྱི་ཧྲིན་ཧྥེ་ཨར་ནན་ཏའོ་གྲོང་ཁྱེར་གྱི་ཉེན་རྟོག་ཅུའུ་ཡིས་ཚེས་དགུའི་ཉིན་བདེན་དཔང་བྱས་དོན། ས་དེར་ཚེས་བརྒྱད་ཉིན་བྱུང་བའི་འགྲིམ་འགྲུལ་དོན་རྐྱེན་ལས་ཉུང་མཐར་ཡང་བྱིས་པ་གཉིས་དང་བཅས་པའི་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགའ་ལ་རྨས་ཕོག་ཡོད་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་གནས་ཚུལ་དངོས་སུ་མཐོང་མཁན་མང་བོར་རྒྱུས་ལོན་བྱས་རྗེས་བཤད་རྒྱུར། དོན་རྐྱེན་དེ་ནི་ཚེས་བརྒྱད་ཉིན་གྱི་དགོང་མོར་བྱུང་བ་དང་། ཉུང་མཐར་ཡང་འགྲུལ་བ་ང་གསུམ་དྲུད་པའི་དངོས་སྐྱེལ་རླངས་འཁོར་ཞིག་ཐུར་ལམ་དུ་བགྲོད་སྐབས་འགག་ཟྭ་ལ་ཆག་སྐྱོན་བྱུང་སྟེ། དངོས་སྐྱེལ་རླངས་འཁོར་དེ་སྡོང་ཆེན་ཞིག་ལ་ཐོ་བརྒྱབ་རྗེས་ཐུར་ལམ་དུ་ཤོར་བ་རེད། འགྲུལ་བ་མང་བོ་རླངས་འཁོར་ལས་ཕྱིར་ལྷུང་བར་མ་ཟད་ལམ་འགྲོ་བ་མང་བོར་ཐོ་བརྒྱབ་པ་རེད་ཟེར། 

མིག་སྔར་རྨས་སྐོར་ཞིག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། ས་དེའི་ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་བྱས་པ་ལྟར་ན། དོན་རྐྱེན་དེ་ནི་རླངས་འཁོར་དེ་ཐེག་ཚད་ལས་བརྒལ་བ་དང་ཁ་ལོ་བས་སེམས་ཆུང་མ་བྱས་པ་ལས་བྱུང་བ་ཡིན་པར་འདོད། 

ཉེན་རྟོག་པས་བཤད་རྒྱུར། དངོས་སྐྱེལ་རླངས་འཁོར་དེར་སྡོད་པའི་འགྲུལ་བ་དག་ནི་ས་དེའི་སྲོལ་རྒྱུན་གྱི་གཉེན་རྟགས་བརྒྱག་པའི་མཛད་སྒོ་ཞིག་ལ་ཞུགས་རྗེས་ཕྱིར་ལོག་པའི་ལམ་བར་ནས་དོན་རྐྱེན་བྱུང་བ་ཡིན་ལ། གཉེན་རྟགས་བརྒྱབ་པའི་བག་མ་དེ་ཡང་རྐྱེན་ལམ་དུ་ཤོར་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།