ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་དབྱི་ལིང་གི་ཆེས་ཆེ་བའི་རྡོ་སྣུམ་རྫས་འགྱུར་ཁེ་ལས་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་བདུན་ཉིན་དབྱི་ལིང་གི་ཆེས་ཆེ་བའི་རྡོ་སྣུམ་རྫས་འགྱུར་ཁེ་ལས་པའོ་སི་མཚོ་ཁུགས་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀུང་ཟི་དང་། དེའི་ཡན་ལག་ཀུང་ཟི། རྒྱལ་ཁབ་གཞན་པའི་ཕྱིར་འཚོང་དྲ་བ་བཅས་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཉིན་དེར་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། པའོ་སི་མཚོ་ཁུགས་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀུང་ཟི་ཡིས་དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་ཁོངས་སུ་གཏོགས་པའི་ཁེ་ལས་དག་ལ་མ་དངུལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་བཞིན་ཡོད་པས། ཨ་མེ་རི་ཁས་ཀུང་ཟི་དེ་དང་དེའི་ཡན་ལག་ཀུང་ཟི་སོ་དགུ། རྒྱལ་ཁབ་གཞན་པར་ཡོད་པའི་ཕྱིར་འཚོང་དྲ་བ་བཅས་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་ཡིན་ཟེར། 

གསལ་སྒྲོག་ལྟར་ན། བཀག་སྡོམ་བྱ་ཡུལ་གྱི་ཨ་མེ་རི་ཁའི་མངའ་ཁོངས་ཀྱི་རྒྱུ་ནོར་བཀག་འཇོག་བྱེད་པ་དང་། ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་དེའི་བར་ཉོ་ཚོང་བྱས་མི་ཆོག་པ་རེད། 

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཀྲང་མུའུ་ནོའུ་ཆན་གྱིས་གསལ་སྒྲོག་ནང་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་ལིང་གི་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་ལ་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་པའི་ཁེ་ལས་ལ་བཀག་སྡོམ་བྱེད་སྲིད་ཟེར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསལ་སྒྲོག་ཅིག་གི་ནང་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱི་བྱ་སྤྱོད་དེ་ནི་དབྱི་ལིང་ལ་ཚད་འདས་གནོན་ཤུགས་སྟེར་བའི་ཆེད་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།