ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་རིན་གོང་བསྟུད་མར་ཟླ་ངོ་ལྔར་ཇེ་མཐོར་སོང་བར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཚེས་དྲུག་ཉིན་སྤེལ་བའི་གནས་ཚུལ་གསར་བ་ལྟར་ན། ནམ་ཟླའི་འགྱུར་ལྡོག་མི་ལེགས་པ་ལས་འོ་སྤྲི་དང་མ་རྨོས་ལོ་ཏོག་གི་མཁོ་འདོན་ཛ་དྲག་ཏུ་གྱུར་བ་དང་། ཟླ་ལྔ་བར་འཛམ་གླིང་ཡོངས་ཀྱི་ཟས་རིགས་རིན་གོང་བསྟུད་མར་ཟླ་ངོ་ལྔར་ཇེ་མཐོར་སོང་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་འབྲུ་རིགས་རིན་གོང་གི་དམིགས་ཚད་དེ་ཟླ་ལྔ་བར་བརྒྱ་དང་དོན་གཉིས་ལྷག་ལ་བུད་པ་དང་། དུས་མཉམ་ལས་བརྒྱ་ཆའི་གཅིག་དང་གྲངས་ཆུང་གཉིས་འཕར་ཡོད། དམིགས་ཚད་དེས་ཉིན་རྒྱུན་གྱི་ཉོ་ཚོང་རིགས་ཀྱི་ཟས་རིགས་ཐོན་རྫས་ཀྱི་རྒྱལ་སྤྱིའི་རིན་གོང་གི་ཟླ་རེའི་འགྱུར་ལྡོག་ལ་རྗེས་འདེད་བྱེད་བཞིན་ཡོད། 

ཟླ་དེར་ཐན་སྐྱོན་གྱི་ཤུགས་རྐྱེན་དབང་གིས་རྒྱ་མཚོ་ཆེན་མོའི་གླིང་གི་འོ་ཟས་ཐོན་རྫས་ཀྱི་ཕྱི་གཏོང་མཁོ་འདོན་ཛ་དྲག་ཏུ་གྱུར་བ་དང་། འོ་ཟས་ཐོན་རྫས་ཀྱི་རིན་གོང་དམིགས་ཚད་དེ་ཟླ་བཞི་བར་བརྒྱ་ཆའི་ལྔ་དང་གྲངས་ཆུང་གཉིས་འཕར་ཡོད་ལ། ལོ་ལྔའི་རིང་ཆེས་མཐོ་བའི་ཚད་དུ་བསླེབ་ལ་ཉེ། དེའི་ཞོར་དུ་ཨ་མེ་རི་ཁའི་ས་ཁུལ་མང་བོར་ཆུ་ལོག་དང་དྲག་ཆར་བབས་པའི་དབང་གིས། མ་རྨོས་ལོ་ཏོག་གི་འདེབས་འཛུགས་ལ་ཤུགས་རྐྱེན་ཐེབས་ཏེ། ལོ་ཏོག་གི་རིན་གོང་དམིགས་ཚད་བརྒྱ་ཆའི་གཅིག་དང་གྲངས་ཆུང་བཞི་འཕར་བར་སྐུལ་འདེད་བཏང་། 

འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། ནམ་ཟླའི་ཆ་རྐྱེན་མི་ལེགས་པས། ཨ་མེ་རི་ཁའི་ཉིས་སྟོང་བཅུ་དགུ་ལོའི་མ་རྨོས་ལོ་ཏོག་གི་ཐོན་ཚད་ལོ་སྔོན་མ་ལས་བརྒྱ་ཆའི་བཅུ་ཇེ་ཉུང་དུ་འགྲོ་སྲིད་པ་དང་། དེའི་ཤུགས་རྐྱེན་དབང་གིས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ད་ལོའི་འཛམ་གླིང་ཡོངས་ཀྱི་ལོ་ཏོག་ཐོན་ཚད་ཀྱི་སྔོན་རྩིས་དེ་ཏུན་ཐེར་འབུམ་གཉིས་དང་དུང་ཕྱུར་དྲུག་བྱེ་བ་བརྒྱད་ས་ཡ་ལྔར་ཇེ་དམའ་རུ་གཏོང་དགོས་བྱུང་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།