ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གིས་ཡང་བསྐྱར་ཕ་ཡུལ་ཧྥ་རན་སིའི་ཡིན་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མི་གཉིས་ལ་སྲོག་ཁྲིམས་བཅད།

    སྤེལ་དུས། : 2019-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱའི་ཁྲིམས་ཁང་ཞིག་གིས་ཚེས་གཉིས་ཉིན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཕ་ཡུལ་ཧྥ་རན་སིའི་ཡིན་པའི་ཁོངས་མི་གཉིས་ལ་སྲོག་ཁྲིམས་བཅད་པ་དང་། འདས་པའི་གཟའ་འཁོར་གཉིས་ཀྱི་རིང་དབྱི་རག་ཕྱོགས་ཀྱིས་སྲོག་ཁྲིམས་བཅད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཕ་ཡུལ་ཧྥ་རན་སིའི་ཡིན་པའི་ཁོངས་མི་དགུར་བསླེབ་ཡོད། 

ཁྲིམས་དཔོན་གྱིས་ཉིན་དེར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མི་སྐྱེས་པ་གཉིས་ལ་སྲོག་ཁྲིམས་བཅད་པ་དང་། དེའི་ནང་གཅིག་གི་མིང་ལ་ཝེ་ཡཱ་ནེ་ཝུའུ་ལཱ་ཅི་ཟེར་བ་དང་ལོ་སུམ་ཅུ་ལྷག་རེད། ཝུའུ་ལཱ་ཅི་ལ་ཟླ་ལྔ་བའི་ཟླ་མཇུག་ནས་བཟུང་འདྲི་གཅོད་བྱེད་མགོ་བརྩམས་པ་དང་། སྐབས་ཐོག་དེར་མནར་གཅོད་བཏང་ནས་ཉེས་པ་བཙན་གྱིས་ཁས་ལེན་བྱེད་དུ་བཅུག་པར་བཤད་ལ། ཁྲིམས་ཁང་གིས་དེའི་རྗེས་སུ་ཁོར་ལུས་ཕུང་བརྟག་དཔྱད་བྱེད་དགོས་པའི་བཀའ་རྒྱ་བཏང་། 

ཁྲིམས་དཔོན་གྱིས་ཚེས་གཉིས་ཉིན་ཁྲིམས་གཅོད་མ་བྱས་གོང་བཤད་རྒྱུར། ལུས་ཕུང་བརྟག་དཔྱད་ཀྱི་སྙན་ཞུ་ལས་མངོན་པ་ལྟར་ན་ཁོར་མནར་གཅོད་བཏང་བའི་རྗེས་ཤུལ་ཅི་ཡང་མེད་ཟེར། 

དབྱི་རག་གི་ཁྲིམས་ཁང་ཞིག་གིས་ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཕ་ཡུལ་ཧྥ་རན་སིའི་ཡིན་པའི་ཁོངས་མི་གཉིས་སྲོག་ཁྲིམས་བཅད། ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ལེ་ཏི་ལི་ཨང་གིས་ཉིན་དེར་བཤད་རྒྱུར། ཧྥ་རན་སི་ཕྱོགས་ཀྱིས་དབྱི་ལིང་བར་གྲོས་མོལ་བྱེད་བཞིན་ཡོད་པ་དང་། ཕ་ཡུལ་ཧྥ་རན་སིའི་ཡིན་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མི་དག་ལ་སྲོག་ཁྲིམས་མི་གཅོད་པར་བརྩོན་ལེན་བྱེད་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།