ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ལྕགས་རྟའི་ཉིན་མོའི་བྱ་འགུལ་སྤེལ།

    སྤེལ་དུས། : 2019-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་གསུམ་ཉིན་ཉིག་ཡོ་རུ་ཡོད་པའི་སྤྱི་ཁྱབ་པུའུ་ནས་འཛམ་གླིང་ལྕགས་རྟའི་ཉིན་མོའི་བྱ་འགུལ་སྤེལ། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་གསུམ་པའི་ཀྲུའུ་ཞི་ཨེ་སི་ཕིས་ནོའུ་སཱ་ཡིས་བྱ་འགུལ་སྟེང་ཞུ་ཚིག་སྤེལ་ཏེ། ལྕགས་རྟ་བེད་སྤྱོད་བྱས་ན་འགྲིམ་འགྲུལ་གྱི་དྲོད་རླངས་ཕྱིར་འདོན་དང་འགྲིམ་འགྲུལ་ཤི་རྨས་ཇེ་ཉུང་དུ་གཏོང་ཐུབ་པ་དང་། ཚོ་དང་ནད་ཡམས་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་ཐུབ།

ཨེ་སི་ཕིས་ནོའུ་སཱ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལྕགས་རྟ་དེ་མཁར་གྲོང་འཆར་འགོད་དང་རྨང་གཞིའི་སྒྲིག་ཆས་ཀྱི་ཇུས་འགོད་ཁྲིད་ལེགས་བསྡུ་བྱས་ཏེ། ཁ་གསབ་འདོན་སྤྲོད་བྱས་ཏེ་ལྕགས་རྟའི་བེད་སྤྱོད་ལ་སྐུལ་འདེད་གཏོང་བའི་བསམ་བློ་གཏོང་དགོས་པར་མ་ཟད། མ་དངུལ་བཏང་ནས་ལྕགས་རྟ་བེད་སྤྱོད་བྱེད་པའི་ཕན་ཐོགས་དྲིལ་སྒྲོག་བྱ་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ལྕགས་རྟ་ནི་སྟབས་བདེ་ཞིང་བློ་གཏོད་རུང་ལ། དག་གཙང་དང་ཁོར་སྲུང་གི་འགྲིམ་འགྲུལ་ཡོ་བྱད་ཅིག་ཡིན། འཛམ་གླིང་ལྕགས་རྟའི་ཉིན་མོ་གཏན་འཁེལ་བྱས་པ་ལས་རྒྱུན་མཐུད་འཛད་སྤྱོད་དང་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བའི་བརྡ་བཏང་ཡོད་པར་མ་ཟད། ནམ་ཟླའི་ཐག་གཅོད་གནད་དོན་ཐད་ཤུགས་རྐྱེན་ངེས་ཅན་ལྡན་པ་རེད་ཟེར།

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཞི་བར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་གཉིས་པའི་ཚོགས་ཆེན་ནས་གྲོས་ཆོད་བཀོད་དེ། ལོ་རེའི་ཟླ་དྲུག་པའི་ཚེས་གསུམ་ཉིན་འཛམ་གླིང་གི་ལྕགས་རྟའི་ཉིན་མོར་གཏན་འཁེལ་བྱས། དེ་ལས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་ལྕགས་རྟ་ཁྱབ་གདལ་དུ་གཏོང་བ་དང་། ལྕགས་རྟའི་རིག་གནས་བསྐྲུན་པར་སྐུལ་འདེད་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།