ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱི་གྲོས་མོལ་སྤེལ་མགོ་བརྩམས།

    སྤེལ་དུས། : 2019-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་དང་ཨུ་རུ་སི་ཡིས་ཟླ་ལྔ་བའི་ཚེས་སུམ་ཅུའི་ཉིན་ཏུང་ཅིན་ནས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱི་གྲོས་མོལ་སྤེལ། རྩོད་གཞིར་གྱུར་བའི་གླིང་ཕྲན་དང་བདེ་འཇགས་ལས་དོན་ཐད་ནས་ཕྱོགས་གཉིས་བར་འགལ་བ་ཅུང་ཆེན་པོ་ཡོད་པ་རེད། 

ཉིན་དེར་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཧི་ཡེ་ཐེ་ལིང་དང་རྒྱལ་སྲུང་བློན་ཆེན་ཡན་བོ་ཡེ་གཉིས་ཀྱིས་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་གཉིས་དང་མཉམ་དུ་གྲོས་མོལ་བྱས། དེ་ནི་འཇར་པན་དང་ཨུ་རུ་སིའི་སྲིད་གཞུང་གིས་ཉིས་སྟོང་བཅུ་གསུམ་ལོར་ཕྱོགས་གཉིས་ཀྱི་རྐྱེན་སྲོལ་དེ་བཙུགས་པའི་ཚུན་གྱི་གྲོས་མོལ་ཐེངས་བཞི་བ་རེད། 

གྲོས་མོལ་བྱེད་སྐབས་ཕྱོགས་གཉིས་ཀྱིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་བདེ་འཇགས་གནས་བབ་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས་པར་མ་ཟད། མུ་མཐུད་དུ་ལག་རྡང་སྦྲེལ་ནས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བར་སྐུལ་འདེད་གཏོང་རྩིས་ཡོད་ཀྱང་། རྩོད་གཞིར་གྱུར་བའི་གླིང་ཕྲན་དང་བདེ་འཇགས་ལས་དོན་ཐད་ཕྱོགས་གཉིས་ཀྱིས་རང་རང་གི་བསམ་འཆར་མི་འདྲ་བ་བཟུང་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།