ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྡོད་ཚོགས་ཆེན་སྐབས་དང་པོས་ཚོགས་ཆེན་བསྡུས་ནས་འཛམ་གླིང་ཡོངས་ཀྱི་མཁར་གྲོང་ཅན་གྱི་འགྲན་རྩོད་དམིགས་སུ་བཟུང་ནས་གྲོས་བསྡུར་བྱས།

    སྤེལ་དུས། : 2019-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྡོད་ཚོགས་ཆེན་སྐབས་དང་པོས་ཚེས་ཉེར་བདུན་ཉིན་ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་ནས་ཚོགས་ཆེན་བསྡུས། ཐེངས་འདིའི་ཚོགས་ཀྱི་བརྗོད་སྙིང་ནི་གསར་གཏོད་ལས་གྲོང་ཁྱེར་དང་སྡོད་ཁུལ་གྱི་འཚོ་བ་སྔར་ལས་མཛེས་སྡུག་ལྡན་པར་བྱ་དགོས་ཞེས་པ་དེ་ཡིན་ལ། དམིགས་ཡུལ་ནི་འཛམ་གླིང་ཡོངས་ཀྱི་མཁར་གྲོང་ཅན་གྱི་མདུན་དུ་ལྷགས་པའི་འགྲན་རྩོད་ཀྱི་ཆེད་དུ་གསར་གཏོད་དང་རྒྱུན་མཐུད་ཀྱི་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་ཆེད་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། མི་སྡོད་ལས་དོན་ཁང་གི་ལག་བསྟར་ཀྲུའུ་རིན་མེད་མུའུ་ནཱ་མུའུ་ཧི་ཏི་ཞེ་ལི་ཧྥུའུ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྡོད་ཚོགས་ཆེན་སྐབས་དང་པོ་བསྡུས་པ་དེ་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་མང་བོས་ཕྱོགས་མང་རིང་ལུགས་དང་རྒྱུན་མཐུད་མཁར་གྲོང་ཅན་གྱི་རྒྱུན་འཁྱོངས་དང་ཁས་ལེན་ལ་ཕན་ཐོགས་ཡོད་ཅིང་། འཛམ་གླིང་ཡོངས་ཀྱི་མཁར་གྲོང་ཅན་གྱི་རྣམ་པ་ཉིན་རེ་བཞིན་ཇེ་དྲག་ཏུ་འགྲོ་བའི་སྣང་ཚུལ་ཡོད་པ་དང་། མི་སྡོད་ཚོགས་ཆེན་གྱིས་མཁར་གྲོང་ཅན་གྱི་འཕེལ་རིམ་ཁྲོད་ཀྱི་འགྲན་རྩོད་ལ་གདོང་གཏད་དེ། འགྲན་རྩོད་དེ་དག་ལ་གསར་གཏོད་རང་བཞིན་ལྡན་པའི་ཐག་གཅོད་བྱེད་ཐབས་བཏོན་པ་དང་། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ཟེར། 

ཁོ་མོས་བཤད་རྒྱུར། ཚོད་དཔག་བྱས་ན་ཉིས་སྟོང་ལྔ་བཅུ་ལོའི་བར་འཛམ་གླིང་ཡོངས་ཀྱི་བརྒྱ་ཆའི་བདུན་ཅུའི་མི་གྲངས་ཀྱིས་གྲོང་ཁྱེར་དུ་འཚོ་བ་རོལ་བ་དང་། རྒྱལ་ཁབ་རེ་འགའི་མཁར་གྲོང་གི་མི་གྲངས་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་སྟེ། སྡོད་ཁང་དང་འགྲིམ་འགྲུལ། ནུས་ཁུངས། ལས་ཞུགས། སློབ་གསོ། འཕྲོད་བསྟེན་སོགས་ཀྱི་གནད་དོན་མང་བོ་འབྱུང་སྲིད་ཟེར། ཁོ་མོས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་རྒྱུན་མཐུད་ཅན་གྱི་མཁར་གྲོང་ཅན་དེ་རྒྱལ་ཁབ་འཕེལ་རྒྱས་འཕེལ་རིམ་ཁྲོད་ཀྱི་གོ་གནས་གལ་ཆེན་དུ་འཇོག་དགོས་པའི་འབོད་སྐུལ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བརྙན་རིས་ཞུ་ཚིག་ཕུལ། ཁོས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྡོད་ཚོགས་ཆེན་སྐབས་དང་པོ་སྤེལ་བའི་དམིགས་ཡུལ་ནི་གྲོང་ཁྱེར་དང་སྡོད་ཁུལ་གྱི་འཚོ་བའི་རྒྱུ་སྤུས་ཇེ་མཐོར་གཏོང་བའི་བྱེད་ཐབས་འཚོལ་ཞིབ་བྱེད་ཆེད་ཡིན། གྲོང་ཁྱེར་གྱི་འཆར་འགོད་དང་དོ་དམ་བཟང་བོས་ང་ཚོའི་སྣེ་ཁྲིད་དེ་བཟོད་སྒོམ་རང་བཞིན་དང་རྒྱུན་མཐུད་རང་བཞིན། བཙོག་ཆུ་ཉུང་འདོན་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ་ཟེར། 

ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་། མའོ་ཞི་ཁོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཕའེ་ལཱ་ཨར་ཐཱ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྡོད་ཚོགས་ཆེན་སྐབས་དང་པོའི་ཀྲུའུ་ཞི་རུ་བདམས་ཐོན་བྱུང་། 

ཐེངས་འདིའི་ཚོགས་ཆེན་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་གྲོལ་རྒྱུ་ཡིན་པ་དང་། མམཉ་འབྲེལ་རྒྱལ་ཚོགས་ཀྱི་མི་སྡོད་ཚོགས་ཆེ་དེ་ལོ་བཞིའི་ནང་ཐེངས་རེ་སྤེལ་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།