ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྟོབས་ཤུགས་གཅིག་བསྡུས་ཀྱིས་དབྱི་རག་གི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་གནད་དོན་གྱི་ཆེད་མངག་ཕོ་ཉ་ཕུའུ་ལཱ་སི་ཧཱ་ཐི་ཡིས་ཚེས་ཉེར་གཅིག་ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་དབྱི་རག་གི་གནས་ཚུལ་གསར་བ་སྙན་ཞུ་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་དབྱི་རག་གི་གནད་དོན་ཐག་གཅོད་བྱེད་པར་རོགས་རམ་བྱས་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཡང་བསྐྱར་འདས་ལོག་བྱེད་པར་སྔོན་འགོག་བྱ་དགོས་པའི་འབོད་སྐུལ་བཏང་། 

ཁོ་མོས་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་དང་དེའི་ཁྱིམ་མི་སྟོང་ཕྲག་མང་བོ་ཕྱིར་དབྱི་རག་ཏུ་ལོག་ཡོད་པ་དང་། གལ་ཏེ་ཁོ་ཚོ་བཀོད་སྒྲིག་བཟང་བོ་མ་བྱས་ན། དབྱི་རག་དེ་ཡང་བསྐྱར་འཇིགས་སྐུལ་རིང་ལུགས་ཀྱི་རྗེས་རབས་པ་འབྱུང་སའི་གནས་ཤིག་ཏུ་འགྱུར་ཉེན་ཡོད་ཟེར། 

ཁོ་མོས་བཤད་རྒྱུར། དེ་ནི་དབྱི་རག་རྒྱལ་ཁབ་གཅིག་གི་གནད་དོན་ཙམ་མ་ཡིན་ལ། རྒྱུ་མཚན་ནི་དབྱི་རག་གིས་དང་ལེན་བྱས་པའི་དྲག་ཆས་མི་སྣའི་ཁྲོད་རྒྱལ་ཁབ་གཞན་པའི་མི་ཡང་འདུས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།