ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་ནན་གུང་ཁྲན་ཏང་གི་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བ་ཧི་ནེ་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་ནན་གུང་ཁྲན་ཏང་གི་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བ་ཚེས་བཅུ་དྲུག་ཉིན་རྒྱལ་ས་ཧི་ནེ་ནས་ཚོགས། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་རོན་ཧྥུའུ་ཀྲུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཞུ་ཚིག་ཕུལ། 

ཐེངས་འདིའི་གྲོས་ཚོགས་ནས་གཙོ་བོ་ཡོ་ནན་གུང་ཁྲན་ཏང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་སུམ་ཅུ་བའི་ཆབ་སྲིད་སྙན་ཞུ་ལ་གྲོས་བསྡུར་བྱས་པ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལོ་བཅུའི་འཕེལ་རྒྱས་འཆར་འགོད་དང་ལོ་ལྔའི་འཕེལ་རྒྱས་འཆར་འགོད་རྩ་གནད། དེ་མིན་ཏང་འཛུགས་དང་ཏང་གི་སྒྲིག་ཡིག་གི་ལག་བསྟར་གནས་ཚུལ་སྙན་ཞུ་སོགས་ཏང་དང་རྒྱལ་ཁབ་ཀྱི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་གཏན་འབེབས་བྱེད་པ། ཡོ་ནན་གུང་ཁྲན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་སུམ་ཅུ་བའི་གྲ་སྒྲིག་བྱ་བར་ཞིབ་འཇུག་བྱས་ཏེ་སྐུལ་འདེད་གཏོང་བ། ཉིས་སྟོང་བཅོ་བརྒྱད་ལོའི་སྒྲིག་ཁྲིམས་ཞིབ་བཤེར་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱེད་པ་རེད། 

རོན་ཧྥུའུ་ཀྲུང་གིས་ཞུ་ཚིག་འབུལ་སྐབས་མི་སྔར་མྱུར་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་གལ་ཆེན་འགའ་བསྟན་པ་དང་། ཐེངས་འདིའི་གྲོས་ཚོགས་ལ་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་ནན་བཤད་བྱས། གྲོས་ཚོགས་ལ་ཞུགས་པའི་འཐུས་མི་རྣམས་ཀྱིས་བློ་རིག་དང་འགན་འཁྲིའི་འདུ་ཤེས་འདོན་སྤེལ་གང་ལེགས་བྱས་ཏེ། གཅིག་བསྡུས་ཀྱིས་ཞིབ་འཇུག་དང་གྲོས་བསྡུར་ཞིབ་མོ་བྱས་ནས། གཙོ་བོ་བྱ་བའི་ལས་རིམ་འཐུས་ཚང་དུ་བཏང་ནས་ཕྱོགས་ཡོངས་ནས་ཇུས་འདོན་བྱ་བར་བཟང་བོར་བསྒྲུབ་དགོས་ཟེར། 

ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། སྲིད་གཞུང་གི་ཙུང་ལི་རོན་ཁྲོན་ཧྥུའུ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་བྱས། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ནི་ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།