ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁས་དབུས་ཤར་ས་ཁུལ་དུ་དམག་དཔུང་མངག་གཏོང་བྱེད་པའི་འཆར་གཞི་བཟོས་པ་ཁས་ལེན་མ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། ཨ་མེ་རི་ཁས་མིག་སྔར་དབུས་ཤར་ས་ཁུལ་དུ་གཞི་རྒྱ་ཆེ་བའི་སྒོ་ནས་དམག་དཔུང་མངག་གཏོང་བྱེད་པའི་འཆར་གཞི་མེད་པ་དང་། གསར་འགྱུར་ལས་རིགས་ཀྱིས་དེའི་སྔོན་བསྒྲགས་པའི་འབྲེལ་ཡོད་གནས་ཚུལ་དེ་ནི་གསར་འགྱུར་རྫུན་མ་རེད་ཟེར། 

ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། རྒྱལ་སྲུང་བློན་ཆེན་ཚབ་མ་ཧྲ་ནཱ་ཧན་གྱིས་ཕོ་བྲང་དཀར་པོར་དབྱི་ལིང་ལ་དམིགས་པའི་དམག་དོན་འགུལ་སྐྱོད་ཀྱི་འཆར་གཞི་སྤྲད་ཡོད་པ་དང་། འཆར་གཞི་དེ་ལྟར་ན། དབྱི་ལིང་གིས་ཨ་མེ་རི་ཁར་དཔུང་འཇུག་བྱེད་པའམ་ཡང་ན་ཉིང་རྡུལ་ནུས་པའི་མཚོན་ཆའི་ཞིབ་འཇུག་གསར་སྤེལ་ལས་གཞིའི་མྱུར་ཚད་ཇེ་མགྱོགས་སུ་བཏང་ན། ཨ་མེ་རི་ཁས་ཉུང་མཐར་ཡང་དམག་མི་འབུམ་གཅིག་དང་ཁྲི་གཉིས་ལྷག་དབུས་ཤར་ས་ཁུལ་དུ་མངག་གཏོང་བྱེད་རྒྱུ་ཡིན་ཟེར། 

ཐི་ལིང་ཕུའུ་ཡིས་ཚེས་བཅུ་བཞིའི་ཉིན་ལུའུ་དབྱེ་སི་ཨན་ནཱ་ཀྲིག་ཏུ་ཆས་སྐབས་གསར་འགོད་པར་བཤད་རྒྱུར། ཨ་མེ་རི་ཁར་མིག་སྔར་འཆར་གཞི་དེ་འདྲ་མེད་པ་དང་། ཉིག་ཡོ་དུས་སྐབས་ཚགས་པར་གྱིས་བསྒྲགས་པ་དེ་ནི་གསར་འགྱུར་རྫུན་མ་རེད་ཟེར། ཐི་ལིང་ཕུའུ་ཡིས་ད་རུང་བསྟན་དོན། ཨ་མེ་རི་ཁས་འཆར་གཞི་དེ་འདྲ་བཙན་གྱིས་འདོན་པར་མི་འདོད་ཀྱང་། གལ་ཏེ་འབྲེལ་ཡོད་འཆར་གཞི་ཡོད་ན། ཨ་མེ་རི་ཁས་སྔར་ལས་མང་བོའི་དམག་ཤུགས་མངག་གཏོང་བྱེད་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།