ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཚོང་དོན་གྲུ་གཟིངས་བཞི་ལ་རང་གི་མཚོ་ཁོངས་ནས་བསམ་བཞིན་དུ་གཏོར་བརླག་ཐེབས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཚེས12ཉིན་གསལ་སྒྲོག་སྤེལ་ཏེ། ཚོང་དོན་གྲུ་གཟིངས་བཞི་ལ་ཉིན་དེར་རང་གི་མཚོ་ཁོངས་ནས་བསམ་བཞིན་དུ་གཏོར་བརླག་ཐེབས་ཡོད་པ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ས་དེ་དང་རྒྱལ་སྤྱིའི་ལས་ཁུངས་བར་མཉམ་ལས་བྱས་ཏེ་དོན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་གཏོར་བརླག་དོན་རྐྱེན་དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཧྥུའུ་ཁྲ་དབྱེ་ལཱ་ཚོ་དཔོན་རྒྱལ་ཁབ་ཤར་ངོས་ཀྱི་མཚོ་ཁོངས་ནས་བྱུང་བ་དང་། དོན་རྐྱེན་དེ་ལས་མི་སྣར་ཤི་རྨས་ཐེབས་མེད་ལ། རྫས་འགྱུར་དུག་ལྡན་དངོས་རྫས་དང་འབར་རྫས་ཕྱིར་ཤོར་མེད་ཟེར། གསལ་སྒྲོག་ལས་གཏོར་བརླག་བྱ་འགུལ་གྱི་བྱེ་བྲག་གི་ནང་དོན་དང་ལག་བསྟར་ཕྱོགས་གསལ་བཤད་བྱས་མེད། 

གསལ་སྒྲོག་ལས་བཤད་རྒྱུར། ཚོང་ལས་དང་དམངས་སྤྱོད་གྲུ་གཟིངས་ལ་གཏོར་བརླག་བཏང་སྟེ་གྲུ་བའི་ཚེ་སྲོག་བདེ་འཇགས་ལ་ཉེན་ཁ་བཟོ་བ་ནི་དོན་རྐྱེན་ཚབས་ཆེན་ཞིག་ཡིན་རེད་ཟེར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཚོ་ཐོག་གི་འགྲིམ་འགྲུལ་བདེ་འཇགས་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་དེ་རིགས་ལ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

གསལ་སྒྲོག་ལས་ཧྥུའུ་ཁྲ་དབྱེ་ལཱ་གྲུ་ཁ་ནས་འགས་གཏོར་བྱུང་བའི་གནས་ཚུལ་ཁས་ལེན་མ་བྱས་པ་དང་། བསྒྲགས་པའི་དེར་གཞི་རྩ་ཅི་ཡང་མེད། གྲུ་ཁ་དེའི་འཁོར་སྐྱོད་ཡོད་ཚད་རྒྱུན་ལྡན་ཡིན་པ་དང་གནོད་པ་ཅི་ཡང་ཐེབས་མེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།