ཀྲུང་གོ་བོད་ཀྱི་དྲ་བ།

ཁུན་ནེ་ཡཱ་དང་ཨེ་ཙེ་ཨོ་ཕི་ཡཱའི་མཐའ་མཚམས་ས་ཁུལ་དུ་མང་ཚོགས་ཀྱི་འཁྲུག་རྩོད་བྱུང་སྟེ་ཁུན་ནེ་ཡཱའི་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁུན་ནེ་ཡཱའི་ས་གནས་དཔོན་རིགས་ཀྱིས་ཚེས་བདུན་ཉིན་བཤད་རྒྱུར། ཁུན་ནེ་ཡཱའི་བྱང་ཕྱོགས་ཀྱི་ཨེ་ཙེ་ཨོ་ཕི་ཡཱ་དང་འབྲེལ་བའི་མཱ་སཱ་པུས་ཐི་རྫོང་གི་སྡེ་བ་ཞིག་ནས་ཚེས་དྲུག་ཉིན་ཁུན་ནེ་ཡཱ་དང་ཨེ་ཙེ་ཨོ་ཕི་ཡཱ་རྒྱལ་ཁབ་གཉིས་ཀྱི་སྡེ་མིའི་བར་དྲག་ཤུགས་འཁྲུག་རྩོད་བྱུང་སྟེ། ཁུན་ནེ་ཡཱའི་མི་བཅུ་གཅིག་བསད་ཟེར། 

ས་དེའི་དཔོན་རིགས་ཀྱིས་བཤད་རྒྱུར། ཚེས་དྲུག་ཉིན་གྱི་ཉིན་གུང་། མཱ་སཱ་པུས་ཐི་རྫོང་གི་ཝུའུ་ལན་སྡེ་བའི་སྡེ་མི་སྐོར་ཞིག་དང་འདབས་འབྲེལ་དུ་ཡོད་པའི་ཨེ་ཙེ་ཨོ་ཕི་ཡཱའི་སྡེ་མི་ཡིས་ཆུའི་རྩོད་གཞིའི་གནད་དོན་ཐད་ནས་སྡེ་བ་དེར་གྲོས་ཚོགས་བསྡུས། དེའི་རྗེས་སུ་ཕྱོགས་གཉིས་བར་དྲག་ཤུགས་འཁྲུག་རྩོད་བྱུང་སྟེ། ཁུན་ནེ་ཡཱའི་སྡེ་མི་བཅུ་གཅིག་ལ་མེ་མདས་བརྒྱབ་སྟེ་བསད་པ་དང་། ཁུན་ནེ་ཡཱའི་སྡེ་མི་གཉིས་ལ་རྨས་ཕོག་ཡོད། ཤི་རྨས་ཐེབས་པའི་མི་མང་ཆེ་བ་ནི་རྒན་པ་ཏག་ཏག་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།