ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པས་ཨ་མེ་རི་ཁ་ཕྱོགས་གཅིག་གི་བཀག་སྡོམ་བྱེད་ཐབས་དེ་རྒྱལ་སྤྱིའི་བྱ་སྤྱོད་ཚད་གཞི་དང་འགལ་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱོགས་གཅིག་གི་བཙན་ཤེད་རང་བཞིན་གྱི་བྱེད་ཐབས་ལས་འགྲོ་མིའི་ཐོབ་ཐང་ལོངས་སུ་སྤྱོད་པར་ཐེབས་པའི་ཤུགས་རྐྱེན་ངན་པའི་གནད་དོན་གྱི་དམིགས་བསལ་སྙན་ཞུ་པ་ཅཱ་ཀྲ་དབྱེ་ལི་ཡིས་ཚེས་དྲུག་ཉིན་རི་ནེ་ཝ་ནས་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་ཉེ་སྔོན་ཁུ་པཱ་དང་ཝེ་ནེ་ཙུའེ་ལཱ། དབྱི་ལིངི་བཅས་ལ་ཕྱོགས་གཅིག་གི་བཀག་སྡོམ་བྱེད་ཐབས་སྤྱད་པ་དེ་རྒྱལ་སྤྱིའི་བྱ་སྤྱོད་ཚད་གཞི་དང་འགལ་ཡོད་པ་དང་། དེ་ལས་སྔ་ན་མེད་པའི་མི་ཆོས་རིང་ལུགས་ཀྱི་ཆགས་འཇིག་ཆེན་པོ་འབྱུང་སྲིད་ཟེར། 

ཅཱ་ཀྲ་དབྱེ་ལི་ཡིས་བསྟན་དོན། གཞི་རྩའི་འགྲོ་མིའི་ཐོབ་ཐང་འཕྲོག་ལེན་བྱེད་སྲིད་པའི་དཔལ་འབྱོར་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་གཞན་པའི་སྲིད་དབང་བཅོས་བསྒྱུར་བྱེད་འདོད་པའི་བྱ་སྤྱོད་དེ་ནི་དུས་ནམ་ཡིན་ཡང་རྒྱལ་སྤྱིའི་འབྲེལ་བའི་ཁྱབ་ཁོངས་ཀྱི་ཀུན་གྱིས་ཁས་ལེན་པའི་རྩ་འཛིན་དུ་འགྱུར་མི་སྲིད་པ་དང་། སྲིད་གཞུང་བར་གྱི་ཆབ་སྲིད་འགལ་བ་དེ་མི་ཆོས་རིང་ལུགས་ཀྱི་ཆགས་འཇིག་འབྱུང་སྲིད་པ་དང་སྤྱིར་བཏང་གི་མི་གཏའ་མར་འགྱུར་སྲིད་པའི་བྱེད་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་མི་རུང་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།