ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲིར་ནས་སྣུམ་འདྲུད་རླངས་འཁོར་ཞིག་འགས་གཏོར་བྱུང་སྟེ་མི་བཅུ་ཕྲག་འགའ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲིར་གྱི་རྒྱལ་ས་ནེ་ཡཱ་མེ་ཤར་ཕྱོགས་ས་ཁུལ་དུ་ཚེས་དྲུག་ཉིན་སྣུམ་འདྲུད་རླངས་འཁོར་ཞིག་ལ་འགས་གཏོར་བྱུང་བའི་དོན་རྐྱེན་བྱུང་སྟེ། མི་བཅུ་ཕྲག་འགའ་རྐྱེན་ལམ་དུ་ཤོར། 

ཡུལ་ངོས་ཀྱི་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། ཚེས་དྲུག་ཉིན་གྱི་དུས་ཚོད་གཅིག་ཡས་མས་སུ། སྣུམ་འདྲུད་རླངས་འཁོར་ཞིག་ལ་ནེ་ཡཱ་མེ་ཤར་ཕྱོགས་ཀྱི་འགྲིམ་འགྲུལ་གཞུང་ལམ་གཙོ་བོ་ཞིག་ནས་དོན་རྐྱེན་བྱུང་ནས་ལོག་པ་རེད། ཉེ་འདབས་ཀྱི་སྡོད་དམངས་དག་དོན་རྐྱེན་བྱུང་སར་སོང་ནས་རྡོ་སྣུམ་འཕྲོག་རྩོད་བྱས། སྣུམ་འདྲུད་རླངས་འཁོར་དེ་མེར་འབར་ནས་འགས་གཏོར་བྱུང་སྟེ། མི་བཅུ་ཕྲག་འགའ་རྐྱེན་ལམ་དུ་ཤོར་བ་རེད་ཟེར། 

མིག་སྔའི་བར་དུ་ནེ་ཀྲིར་དཔོན་ཕྱོགས་ཀྱིས་དོན་རྐྱེན་དེའི་བྱེ་བྲག་གི་ནང་དོན་དང་མི་ག་ཚོད་ལ་ཤི་རྨས་ཐེབས་པ་གསལ་བོར་བསྒྲགས་མེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།