ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་ནོར་སྲིད་བློན་ཆེན་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བའི་གྲོས་ཚོགས་ནས་འཛམ་གླིང་ཡོངས་དང་ས་ཁོངས་ཀྱི་དཔལ་འབྱོར་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

འདི་ཟླ་ལྔ་བའི་ཚེས་གཉིས་ཉིན་ཧྥེ་ཅིའི་ནན་ཏིས་གྲོང་ཁྱེར་ནས་བླངས་པའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་ནོར་སྲིད་བློན་ཆེན་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བའི་གྲོས་ཚོགས་སྐབས་ཉེར་གཉིས་པའི་ཡུལ་དངོས་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་ནོར་སྲིད་བློན་ཆེན་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བའི་གྲོས་ཚོགས་སྐབས་ཉེར་གཉིས་པ་དེ་ཚེས་གཉིས་ཉིན་ཧྥེ་ཅིའི་ནན་ཏིས་ནས་ཚོགས། གྲོས་ཚོགས་ནས་གཙོ་བོ་འཛམ་གླིང་ཡོངས་དང་ས་ཁོངས་ཀྱི་ཆེས་མཐོང་དཔལ་འབྱོར་གནས་བབ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་ས་ཁོངས་ནོར་སྲིད་མ་དངུལ་མཉམ་ལས་རེ་འདུན། སྒྲིག་ལུགས་བཅོས་བསྒྱུར་སོགས་གྲོས་གཞིར་གྲོས་བསྡུར་བྱས་པར་མ་ཟད། མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ་ས་ཁོངས་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།

གྲོས་ཚོགས་ནས་བལྟས་ན། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཁོར་ཡུག་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་ཡོད་ཀྱང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་ས་ཁུལ་ནི་སྔར་བཞིན་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་གཙོ་བོ་ཡིན་ཡང་། ཉོ་ཚོང་གི་འགལ་བ་དང་། ཕྱི་ཕྱོགས་ཀྱི་དགོས་མཁོ་ཇེ་ཉུང་དུ་འགྲོ་བ། འཛམ་གླིང་ཡོངས་ཀྱི་དངུལ་ལོར་ཁོར་ཡུག་ཛ་དྲག་ཏུ་འགྱུར་བ་སོགས་ཀྱི་ཉེན་ཁར་འཕྲད་ཡོད། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱིས་རྒྱལ་ཁབ་རང་རང་གི་གནས་ཚུལ་ལ་གཞིགས་ཏེ་དངུལ་ལོར་བེད་སྤྱོད་བྱེད་པ་དང་ནོར་སྲིད། ཆེ་མཐོང་དཔལ་འབྱོར་གྱི་སྲིད་ཇུས་ཡོ་བྱད་ལ་བརྟེན་ནས། རྒྱུན་མཐུད་དང་དོ་མཉམ། བཟོད་སྒོམ་རང་བཞིན་ལྡན་པའི་ཆེ་མཐོང་དཔལ་འབྱོར་སྲིད་ཇུས་གཏན་འཇགས་ངང་འཁོར་སྐྱོད་བྱེད་པར་འགན་སྲུང་བྱེད་དགོས་ཟེར། ཕྱོགས་སོ་སོས་སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ལ་སྲུང་སྐྱོབ་དང་སྒོ་འབྱེད་ཀྱི་ས་ཁོངས་རིང་ལུགས་རྩ་དོན་རྒྱུན་འཁྱོངས་བྱང་ཏེ། རྣམ་པ་གང་རུང་གི་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། ས་ཁོངས་ཉོ་ཚོང་གི་དངུལ་གཏོང་ཆུ་ཚད་ཇེ་མཐོར་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ནང་གི་མ་རྩའི་ཚོང་རར་ཤུགས་སྣོན་བྱེད་རྒྱུ་མ་ཟད། དཔལ་འབྱོར་གྱི་འཕེལ་སྟངས་བསྒྱུར་ནས་རིམ་པ་འཕར་བར་སྐུལ་འདེད་གཏོང་དགོས་པ་བསྐྱར་སྒྲོག་བྱས།

གྲོས་ཚོགས་ནས་འདས་པའི་ལོ་མང་བོའི་རིང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་ནོར་སྲིད་དཔལ་འབྱོར་མཉམ་ལས་རྐྱེན་སྲོལ་གྱིས་ས་ཁོངས་ཀྱི་དཔལ་འབྱོར་དང་དངུལ་ལོར་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་ལ་སྐུལ་འདེད་བཏང་བར་ཁས་ལེན་བྱས་པ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་དཔལ་འབྱོར་ནོར་སྲིད་མཉམ་ལས་ཀྱི་འཐབ་ཇུས་ཁ་ཕྱོགས་ཞེས་པའི་ཡིག་ཆར་གྲོས་འཆམ་བྱུང་བ་དང་། འཐབ་ཇུས་མཉམ་ལས་ཀྱི་ཁ་ཕྱོགས་དེ་དཔལ་འབྱོར་དངུལ་ལོར་གཏན་འཇགས་དང་རྒྱ་བསྐྱེད་ལ་སྲུང་སྐྱོབ་བྱེད་པ་ནས་ས་ཁོངས་དཔལ་འབྱོར་འཕར་སྣོན་དང་གཞི་གཅིག་ཅན་ལ་ཡར་སྐུལ་གཏོང་བའི་ཕྱོགས་སུ་བསྒྱུར་ནས། རྒྱུན་ཆད་མེད་པར་མཉམ་ལས་ཁྱབ་ཁོངས་གསར་བ་འཚོལ་ཞིབ་བྱས་ཤིང་། རྐྱེན་སྲོལ་མཉམ་ལས་ཀྱི་ཕན་ནུས་ཇེ་མཐོར་བཏང་སྟེ། ས་ཁོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་སྒྲོམ་གཞི་འཐུས་ཚང་དུ་གཏོང་བར་འཐད་པ་བྱུང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།