ཀྲུང་གོ་བོད་ཀྱི་དྲ་བ།

ཧྥེ་ལེ་པེན་དང་ཧིན་རྡུ་ཉི་ཞི་ཡཱ་ཡིས་མཉམ་འབྲེལ་གྱི་མཚོ་ཐོག་སྐོར་གཡེང་བྱ་འགུལ་སྤེལ་ཏེ་རྒྱལ་ཁོངས་བརྒལ་བའི་ནག་ཉེས་ལ་ཆམ་ཕབ་གཏོང་རྒྱུ་རེད།

    སྤེལ་དུས། : 2019-05-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥེ་ལེ་པེན་དང་ཧིན་རྡུ་ཉི་ཞི་ཡཱ་རྒྱལ་ཁབ་གཉིས་ཀྱི་དམག་ཕྱོགས་ཀྱིས་ཚེས་གཉིས་ཉིན་ཧྥེ་ལེ་པེན་ལྷོ་ཕྱོགས་ཀྱི་ཏཱ་བོ་ནས་མཛད་སྒོ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་ཉེ་འདབས་ཁྱབ་ཁོངས་སུ་མཉམ་འབྲེལ་མཚོ་ཐོག་སྐོར་གཡེང་བྱ་འགུལ་སྤེལ་ནས། མཚོ་ཁོངས་དེར་ཉིན་རེ་བཞིན་རྒྱ་ཡན་དུ་འགྲོ་བའི་མཚོ་ཇག་དང་ལྐོག་འཚོང་སོགས་རྒྱལ་ཁོངས་བརྒལ་བའི་ནག་ཉེས་བྱ་འགུལ་དང་། འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ལ་བཀག་འགོག་བྱེད་རྒྱུ་རེད། 

ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་ཉིན་དེར་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཐེངས་འདིའི་སྐོར་གཡེང་གི་ལས་འགན་གཙོ་བོ་ནི་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་མཚོ་ཁོངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། མཚོ་ཐོག་ནག་ཉེས་ལ་ཆམ་ཕབ་གཏོང་བ། ལྐོག་འཚོང་དང་མཚོ་ཇག་སོགས་རྒྱལ་ཁོངས་བརྒལ་བའི་ཁྲིམས་འགལ་བྱ་སྤྱོད་བཀག་འགོག་བྱེད་རྒྱུ་བཅས་རེད། མཉམ་འབྲེལ་སྐོར་གཡེང་བྱ་འགུལ་ལ་སྦྱོང་བརྡར་དང་དངོས་འཐབ་རྣམ་གྲངས་འདུས་པ་དང་། རྒྱལ་ཁབ་གཉིས་ཀྱི་མཚོ་དམག་གིས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་ཁྲིམས་འཛིན་ནུས་པ་ཇེ་མཐོར་གཏོང་བར་གོ་སྐབས་བསྐྲུན་ངེས་རེད། 

རྒྱུས་ལོན་བྱུང་བ་ལྟར་ན། མཉམ་འབྲེལ་སྐོར་གཡེང་ལ་ཞུགས་པའི་དམག་གྲུ་གཉིས་ཏཱ་བོ་གྲུ་ཁར་འབྱོར་ཡོད་ཅིང་། གྲུ་གཟིངས་གཉིས་ཀྱི་སྟེང་གི་དཔོན་དམག་གིས་ཚེས་གསུམ་ཉིན་སྦྱོང་བརྡར་དང་མཉམ་འབྲེལ་མཛའ་མཐུན་བྱ་འགུལ་སྤེལ་རྒྱུ་ཡིན་ལ། ཚེས་བཞི་ཉིན་གྲུ་གཟིངས་གཉི་ག་དངོས་སུ་འབྲེལ་ཡོད་མཚོ་ཁོངས་སུ་སོང་ནས་དུས་ཡུན་ཉིན་བཅུའི་སྐོར་གཡེང་ལས་འགན་ལག་བསྟར་བྱེད་རྒྱུ་རེད། འཆར་གཞི་ལྟར་ན། རིགས་མཐུན་གཞི་རྒྱ་ཅན་གྱི་མཉམ་འབྲེལ་སྐོར་གཡེང་ད་ལོར་ཐེངས་བཞི་སྤེལ་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།