ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་འཁྲུག་རྩོད་བྱས་ཏེ་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཚེས་གཉིས་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཡེ་མིན་ལྷོ་ཕྱོགས་ཀྱི་ཏཱ་ལེ་ཨ་ཞིང་ཆེན་ནས་ཧུའུ་སེ་དྲག་ཆས་པའི་བར་འཁྲུག་རྩོད་དྲག་པོ་བྱུང་སྟེ། མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགའ་ལ་རྨས་ཕོག་ཡོད་ཟེར།

ཡེ་མིན་སྲིད་གཞུང་དམག་དཔུང་གི་མིང་བཤད་མི་འདོད་པའི་དཔོན་པོ་ཞིག་གིས་བཤད་རྒྱུར། སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པར་བར་སྣང་འཇབ་རྒོལ་བྱེད་པའི་འགེབས་སྲུང་འོག སྲིད་གཞུང་དམག་དཔུང་གིས་ཏཱ་ལེ་ཨ་ཞིང་ཆེན་གྱི་ས་ཁུལ་མང་བོ་ནས་ཧུའུ་སེ་དྲག་ཆས་པའི་བར་འཁྲུག་རྩོད་དྲག་པོ་བྱས་ཟེར།

འཁྲུག་རྩོད་དེ་ལས་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ཧུའུ་སེ་དྲག་ཆས་མི་སྣ་དགུ་དང་སྲིད་གཞུང་གི་དམག་མི་གསུམ་འདུས། དེ་ལས་གཞན་མི་བཅུ་ཕྲག་འགའ་ལ་རྨས་ཕོག་ཡོད། མིག་སྔར་དྲག་ཆས་འཁྲུག་རྩོད་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར། 

ཏཱ་ལེ་ཨ་ཞིང་ཆེན་དེ་ཡེ་མིན་ལྷོ་ཕྱོགས་སུ་ཡོད་པ་དང་། གཟའ་འཁོར་འགའི་རིང་ལ། ཧུའུ་སེ་དྲག་ཆས་པས་ཏཱ་ལེ་ཨ་ཞིང་ཆེན་དུ་གཞི་རྒྱ་ཆེ་བའི་འཇབ་རྒོལ་དོན་རྐྱེན་བཟོས། བསྒྲགས་པ་ལྟར་ན། ཏཱ་ལེ་ཨ་ཞིང་ཆེན་བྱང་ཕྱོགས་རི་ཁུལ་ཧུའུ་སེ་དྲག་ཆས་པས་བཙན་བཟུང་བྱས་པ་དང་། སྲིད་གཞུང་དམག་དཔུང་གིས་ས་ཁུལ་དེའི་སྡེ་བ་ཁག་ཅིག་བདག་བཟུང་བྱས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།