ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་ཨ་མེ་རི་ཁས་མུའུ་སི་ལིན་སྤུན་ཟླའི་ཚོགས་པ་དེ་འཇིགས་སྐུལ་རྩ་འཛུགས་ནང་འཇོག་པར་བསམ་བློ་གཏོང་ངེས་ཡིན་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་ཚེས་སུམ་ཅུའི་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་སྲིད་གཞུང་གིས་ཨེ་ཅིབ་ཀྱི་མུའུ་སི་ལིན་སྤུན་ཟླའི་ཚོགས་པ་འཇིགས་སྐུལ་རྩ་འཛུགས་ནང་འཇོག་པར་བསམ་བློ་གཏོང་བཞིན་ཡོད་ཟེར། 

ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་སིང་ཏི་སི་ཡིས་ཉིན་དེར་གསར་སྒྲོག་སྤེལ་ཏེ། ཙུང་ཐུང་ཐི་ལིང་ཕུའུ་ཡིས་བདེ་འཇགས་ཚོགས་ཁག་དང་དབུས་ཤར་གྱི་རྒྱལ་ཁབ་མང་བོའི་མགོ་ཁྲིད་པའི་བར་དོན་དེའི་ཐད་ནས་གྲོས་མོལ་བྱས་པ་དང་། མིག་སྔར་གྲོས་རིམ་དེ་ནང་ཁུལ་གྱི་ལས་རིམ་བསྒྲུབ་བཞིན་ཡོད་ཟེར། 

མིང་བཤད་མི་འདོད་པའི་ཨ་མེ་རི་ཁའི་དཔོན་རིགས་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་གྲོས་འདོན་དེར་ཐི་ལིང་ཕུའུ་སྲིད་གཞུང་ནང་ཁུལ་དུ་རྩོད་གླེང་དྲག་པོ་འབྱུང་བཞིན་ཡོད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕིན་ཕའེ་ཨོ་དང་ཙུང་ཐུང་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་པའོ་ཨར་ཏོན་གྱིས་ཆོད་དོན་དེར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཀྱང་། རྒྱལ་སྲུང་པུའུ་དང་བདེ་འཇགས་དཔོན་རིགས་སྐོར་ཞིག་གིས་དེར་ངོ་རྒོལ་བྱེད་པའི་ཚུལ་བསྟན། དེ་ལས་གཞན་སྔོན་ཆད་ཀྱི་ཨ་མེ་རི་ཁའི་དཔོན་རིགས་ཀྱིས་མུའུ་སི་ལིན་སྤུན་ཟླའི་ཚོགས་པ་དེ་ཨ་མེ་རི་ཁའི་འཇིགས་སྐུལ་རྩ་འཛུགས་ནང་འཇོག་པའི་བཅའ་ཁྲིམས་རེ་བར་དོགས་གཞི་ཡོད་མིན་ལ་དོགས་པ་ཟ་བཞིན་ཡོད། 

ཨ་མེ་རི་ཁ་ཕྱོགས་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ན། ཨ་མེ་རི་ཁའི་དངུལ་ལོར་ལས་ཁུངས་དེ་འཇིགས་སྐུལ་རྩ་འཛུགས་ནང་བཞག་སྟེ་ཨ་མེ་རི་ཁའི་མངའ་ཁོངས་ཀྱི་རྒྱུ་ནོར་བཀག་འཇུག་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁའི་མངའ་ཁོངས་ཀྱི་མི་སྒེར་གང་རུང་གིས་དེས་འདོན་སྤྲོད་བྱས་པའི་རྒྱབ་སྐྱོར་གཏན་འགོག་བྱེད་རྒྱུ་ཡིན་ལ། ཨ་མེ་རི་ཁས་རྩ་འཛུགས་དེའི་འབྲེལ་ཡོད་མི་སྣ་རང་གི་མངའ་ཁོངས་སུ་ཡོང་བར་གཏན་འགོག་བྱེད་རྒྱུ་ཡིན་རེད། 

བསྒྲགས་པ་ལྟར་ན། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཟླ་འདིའི་ཟླ་སྟོད་དུ་ཕོ་བྲང་དཀར་པོར་འཚམས་འདྲི་བྱེད་སྐབས་ཐི་ལིང་ཕུའུ་ཡིས་མུའུ་སི་ལིན་སྤུན་ཟླ་ཚོགས་པ་དེ་འཇིགས་སྐུལ་རྩ་འཛུགས་ནང་འཇོག་པའི་རེ་བ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།