ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་ཐུར་ཁེའི་མགོ་ཁྲིད་པས་ཁ་པར་གྲོས་མོལ་ལ་བརྟེན་ནས་ཐུར་ཁེ་ཡིས་ཨུ་རུ་སིའི་མཁའ་སྲུང་འཕུར་མདའི་མ་ལག་ཉོ་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཟླ་བཞི་བའི་ཚེས་ཉེར་དགུའི་ཉིན་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་ལ་ཁ་པར་བཏང་སྟེ། ཐུར་ཁེ་ཡིས་ཨུ་རུ་སི་ནས་མཁའ་སྲུང་འཕུར་མདའི་མ་ལག་ཉོ་བསྡུ་བྱེད་པ་དང་སི་རི་ཡཱ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཐི་ལིང་ཕུའུ་དང་ཨེ་ཨར་ཏའོ་ཨན་གཉིས་ཀྱིས་ཨ་མེ་རི་ཁ་དང་ཐུར་ཁེའི་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་གྱི་བདེ་འཇགས་སེམས་ཁུར་དང་། ཐུར་ཁེ་ཡིས་ཨུ་རུ་སི་ནས་མཁའ་སྲུང་འཕུར་མདའི་མ་ལག་ཉོ་བསྡུ་བྱེད་པའི་གནད་དོན་ཐད་ཀྱི་གྲོས་མོལ་གྲུབ་འབྲས་སོགས་ལ་གྲོས་བསྡུར་བྱས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ད་རུང་ཕན་ཚུན་བར་གྱི་ཉོ་ཚོང་སོགས་གནད་དོན་ལའང་གྲོས་བསྡུར་བྱས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།