ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཧུའུ་སེ་དྲག་ཆས་མི་སྣ་སུམ་བརྒྱ་ཙམ་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། འདས་པའི་གཟའ་འཁོར་གཅིག་གི་ནང་ཡེ་མིན་སྲིད་གཞུང་དམག་དཔུང་གིས་ལྷོ་ཕྱོགས་ཀྱི་ཏཱ་ལེ་ཨ་ཞིང་ཆེན་དུ་བསྡོམས་པས་ཧུའུ་སེ་དྲག་ཆས་པའི་མི་སྣ་སུམ་བརྒྱ་ཙམ་འཛིན་བཟུང་བྱས་ཡོད་ཟེར། 

ཡེ་མིན་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། འདས་པའི་གཟའ་འཁོར་གཅིག་གི་ནང་ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་མི་སྣས་ཏཱ་ལེ་ཨ་ཞིང་ཆེན་གྱི་བྱང་ཕྱོགས་དང་ནུབ་ཕྱོགས་ས་ཁུལ་དུ་འཁྲུག་རྩོད་དྲག་པོ་བྱས་ཏེ། གཡུལ་སའི་བཀོད་འདོམ་དཔོན་པོ་དང་བཅས་པའི་ཧུའུ་སེ་དྲག་ཆས་མི་སྣ་སུམ་བརྒྱ་ཙམ་འཛིན་བཟུང་བྱས་ཡོད་ཟེར། 

གསལ་སྒྲོག་དེ་ལྟར་ན། འཛིན་བཟུང་བྱས་པའི་ཧུའུ་སེ་དྲག་ཆས་མི་སྣའི་ཁྲོད་མི་ཉུང་བ་ཞིག་གི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་ས་ཁུལ་ནས་ཡོང་བ་དང་། སྲིད་གཞུང་བར་འཐབ་འཁྲུག་བྱེད་པའི་སྐུལ་མ་ཐེབས་པའི་ལོ་ཆུང་བྱིས་པ་རེད་ཟེར། 

ཏཱ་ལེ་ཨ་ཞིང་ཆེན་དེ་ཡེ་མི་ལྷོ་ཕྱོགས་སུ་གནས་པ་དང་། ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་དུས་རྒྱུན་ཞིང་ཆེན་དེའི་བྱང་ཕྱོགས་དང་ནུབ་ཕྱོགས་ས་ཁུལ་དུ་འཁྲུག་རྩོད་བྱེད་བཞིན་ཡོད། 

བསྒྲགས་པ་ལྟར་ན། ཏཱ་ལེ་ཨ་ཞིང་ཆེན་བྱང་ཕྱོགས་ཀྱི་རི་ཁུལ་ཕྱོགས་ཧུའུ་སེ་དྲག་ཆས་པས་བཙན་བཟུང་བྱས་ཡོད་ལ། སྲིད་གཞུང་དམག་དཔུང་གིས་ས་ཁུལ་དེའི་སྡེ་བ་སྐོར་ཞིག་བཟུང་ཡོད་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།