ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་དང་ཅིན་ཀྲིན་ཨིན་གཉིས་ཀྱིས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190426091425JZLv.jpg

ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན། ཨུ་རུ་སིའི་ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁི་ནས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གཉིས་ཀྱིས་ལག་འཇུ་བྱེད་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་ལྔ་ཉིན་ཨུ་རུ་སིའི་ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁི་ནས་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་དང་གྲོས་མོལ་བྱས། ཕུའུ་ཅིན་གྱིས་གྲོས་མོལ་བྱས་རྗེས་བསྟན་དོན། ཨུ་རུ་སི་ཡིས་མུ་མཐུད་དུ་ཁྲའོ་ཞན་ཕྱེད་གླིང་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བའི་ཐད་འབད་འབུངས་བྱེད་རྒྱུ་ཡིན་ཟེར། 

ཕུའུ་ཅིན་དང་ཅིན་ཀྲིན་ཨིན་གྱིས་ཉིན་དེར་ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁིའི་ཡོན་ཏུང་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་ནས་གྲོས་མོལ་བྱས་པ་དང་། གྲོས་མོལ་དེར་ཧ་ལམ་དུས་ཚོད་གཉིས་འགོར་ཡོད་ལ། སྔོན་གཏན་འཁེལ་བྱས་པའི་སྐར་མ་ལྔ་བཅུ་ལས་རིང་དུ་བརྒལ་ཡོད། ཕྱོགས་གཉིས་ཀྱི་སྲིད་གཞུང་གི་དཔོན་རིགས་དེའི་རྗེས་སུ་རྒྱ་བསྐྱེད་གྲོས་ཚོགས་ལ་ཞུགས། 

ཕུའུ་ཅིན་གྱིས་གྲོས་མོལ་བྱས་རྗེས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ལ་ཇི་ལྟར་སྔར་ལས་ལྷག་པའི་མདུན་ལྗོངས་རྒྱ་ཆེན་པོ་ཞིག་ལྡན་དུ་འཇུག་པར་གྲོས་བསྡུར་བྱས་ཡོད་ཟེར། 

ཅིན་ཀྲིན་ཨིན་གྱིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས་ཟེར། ཁོས་བསྟན་དོན། ཕུའུ་ཅིན་དང་མཉམ་དུ་མུ་མཐུད་དུ་ཕན་ཐོགས་ཡོད་ཅིང་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་སྤེལ་འདོད་ཡོད་ཟེར། 

ཕུའུ་ཅིན་གྱིས་གྲོས་མོལ་བྱས་རྗེས་ཀྱི་དགོང་ཚུགས་གསོལ་སྟོན་སྟེང་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཞི་བའི་སྒོ་ནས་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པ་རྒྱུན་འཁྱོངས་བྱས་ཡོད་ལ། མུ་མཐུད་དུ་ཁྲའོ་ཞན་ཕྱེད་གླིང་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བར་འབད་བརྩོན་བྱས་ཏེ། ཨེ་ཤ་ཡཱ་བྱང་ཤར་ས་ཁུལ་གྱི་བདེ་འཇགས་སྲ་བརྟན་དུ་གཏོང་རྒྱུ་ཡིན་ཟེར། 

ཕུའུ་ཅིན་གྱིས་དགོང་ཚུགས་གསོལ་སྟོན་རྗེས་སུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་གྱི་འབྲེལ་ཡོད་ཕྱོགས་ཀྱིས་ཕན་ཚུན་གྱི་ཁེ་ཕན་ལ་བརྩི་འཇོག་བྱས་ན་ད་གཟོད་ཕྱེད་གླིང་གི་གནད་དོན་ཐག་གཅོད་བྱེད་པའི་གོ་སྐབས་ཡོད་སྲིད་ལ། རྒྱལ་སྤྱིའི་བཅའ་ཁྲིམས་བརྩི་སྲུང་དང་དགྲར་འཛིན་ཐབས་ཇུས་བསྐྱུར་བ་ནི་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་དང་གནད་དོན་གཞན་པ་ཐག་གཅོད་བྱེད་པའི་གནད་འགག་ཡིན་ཟེར། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།