ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ལོ་ཀི་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་བར་འབྲེལ་བ་ཡོད་པའི་མི་སྣ་དྲུག་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མའོ་ལོ་ཀིའི་ནང་སྲིད་པུའུ་ཡིས་ཚེས་ཉེར་གསུམ་ཉིན་སྤྱི་སྒྲོག་སྤེལ་ཏེ། མའོ་ལོ་ཀིའི་ཀྲུང་དབྱང་ཁྲིམས་འཛིན་རྟོག་ཞིབ་ཅུའུ་ཡིས་ཉིན་དེར་བྱང་ཕྱོགས་ཀྱི་སེ་ལཱ་གྲོང་ཁྱེར་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་བར་འབྲེལ་བ་ཡོད་པའི་མི་སྣ་དྲུག་འཛིན་བཟུང་བྱས་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། དོགས་ཡོད་ཉེས་ཅན་དེ་དྲུག་པོའི་ལོ་ཚད་ཉེར་གཉིས་ནས་ཉེར་བརྒྱད་བར་ཡིན་པ་དང་། རང་བཟོས་འགད་རྫས་བཀོལ་ནས་མའོ་ལོ་ཀིའི་མངའ་ཁོངས་སུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོ་རྩིས་ཡོད་ཟེར། ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་འགུལ་སྐྱོད་སྤེལ་སྐབས་གློག་རྡུལ་སྒྲིག་ཆས་དང་རལ་གྲི། ཐལ་སྤྱོད་བསམ་བློ་དྲིལ་སྒྲོག་བྱེད་པའི་དཔེ་ཆ་བཅས་གཞུང་བཞེས་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།