ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཧུའུ་སེ་དྲག་ཆས་མི་སྣ་བརྒྱད་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཉིན་དེར་མཚོ་དམར་གྱི་ཧི་ཐེ་ཏཱ་གྲོང་ཁྱེར་ནས་ཧུའུ་སེ་དྲག་ཆས་པའི་བར་འཁྲུག་རྩོད་དྲག་པོ་བྱས་ཏེ། ཧུའུ་སེ་དྲག་ཆས་པའི་དྲག་ཆས་མི་སྣ་བརྒྱད་བསད། 

མིང་བཤད་མི་འདོད་པའི་སྲིད་གཞུང་དམག་དཔུང་གི་དཔོན་པོ་ཞིག་གིས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཉིན་དེར་ཧི་ཐེ་ཏཱ་གྲོང་ཁྱེར་ལྷོ་ཕྱོགས་ཀྱི་ཏུའུ་ལཱ་ཧི་མུས་ས་ཁུལ་གྱི་སྲིད་གཞུང་དམག་དཔུང་གི་སྒར་ས་འགར་དཔུང་འཇུག་བྱས་པ་དང་། ཕྱོགས་གཉིས་བར་འཁྲུག་རྩོད་དྲག་པོ་བྱུང་། སྲིད་གཞུང་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པའི་དཔུང་འཇུག་ལ་རྒོལ་ལན་སྤྲད་དེ་མཐར་སྐྲོད་བཏང་ཡོད་ཟེར། 

ཁོས་ད་རུང་བསྟན་དོན། སྲིད་གཞུང་དམག་དཔུང་གིས་མཐར་སྐྲོད་བཏང་རྗེས་ཧུའུ་སེ་དྲག་ཆས་པས་མྱུར་མོར་སྲིད་གཞུང་དམག་དཔུང་གི་སྒར་སར་མེ་སྒྱོགས་གཏོང་འཕེན་བྱས་ཟེར། 

ཡེ་མིན་སྲིད་གཞུང་དམག་དཔུང་གི་ཧི་ཐེ་ཏཱ་རུ་སྡོད་པའི་དམག་དཔུང་གི་མགྲིན་ཚབ་པ་མཱ་ཧི་ཅཱ་མུས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཧུའུ་སེ་དྲག་ཆས་པས་ཉིན་ཉིན་དེར་ཧི་ཐེ་ཏཱ་ལྷོ་ཕྱོགས་ཀྱི་སྲིད་གཞུང་དམག་དཔུང་གི་སྒར་སར་མེ་སྒྱོགས་ཀྱི་དཔུང་འཇུག་བྱས་ཏེ་སྲིད་གཞུང་དམག་དཔུང་གི་དམག་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ལྔར་རྨས་ཕོག་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།