ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱིས་དཔྱིད་ཀའི་དཔུང་འཇུག་བྱ་འགུལ་སྤེལ་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་ཐཱ་ལེ་པན་གྱིས་ཚེས་བཅུ་གཉིས་ཉིན་དཔྱིད་ཀའི་དཔུང་འཇུག་བྱ་འགུལ་སྤེལ་མགོ་རྩོམ་རྒྱུ་ཁྱབ་སྒྲོག་བྱས། 

ཐཱ་ལེ་པན་གྱིས་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁའི་འགུལ་སྐྱོད་ཅེས་པའི་དཔྱིད་ཀའི་དཔུང་འཇུག་བྱ་འགུལ་སྤེལ་མགོ་རྩོམ་རྒྱུ་ཡིན་ཟེར། ཐཱ་ལེ་པན་གྱིས་མང་ཚོགས་དག་དཔོན་ཕྱོགས་ཀྱི་འདུ་ཚོགས་དང་དམག་དཔུང་གི་རླངས་འཁོར། དེ་མིན་དམིགས་འབེན་དུ་བྱས་པའི་ཚོགས་ར་གཞན་པར་རིང་དུ་གྱེས་དགོས་པའི་སྐུལ་མ་བཏང་། རྩ་འཛུགས་དེས་ད་རུང་མང་ཚོགས་དག་གིས་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མི་རུང་བའི་ཉེན་བརྡ་བཏང་། 

ནམ་ཟླ་ཇེ་དྲོར་སོང་བ་དང་བསྟུན་ནས། ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་དང་ཐཱ་ལེ་པན་བར་གྱི་འཁྲུག་རྩོད་ཉིན་རེ་བཞིན་ཛ་དྲག་ཏུ་གྱུར། ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གྱིས་ཤར་ཕྱོགས་ཀྱི་ཅཱ་ཙི་ནེ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཅཱ་ཙི་ནེ་ནས་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་ཏེ། ཉེན་རྟོག་པ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། ཉེན་རྟོག་པ་གཅིག་ལ་རྨས་ཕོག་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།