ཀྲུང་གོ་བོད་ཀྱི་དྲ་བ།

​སུའུ་ཏན་དམག་ཕྱོགས་ཀྱིས་པཱ་ཞེ་ཨར་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་སྤྲད་ནས་ཁྲིམས་ཐག་གཅོད་དུ་འཇུག་མི་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་གཉིས་ཉིན་བསྟན་དོན། རྩ་རྫོགས་བྱས་པའི་ཙུང་ཐུང་པཱ་ཞེ་ཨར་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་སྤྲད་དེ་ཁྲིམས་ཐག་གཅོད་དུ་འཇུག་མི་སྲིད་ཟེར། 

སུའུ་ཏན་བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀྲ་དབྱེ་ནཱ་ལེ་ཨ་པུའུ་ཏེན་གྱིས་ཚེས་བཅུ་གཉིས་ཉིན་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ང་ཚོར་རང་ཉིད་ཀྱི་རིན་ཐང་ལྟ་བ་དང་ཀུན་སྤྱོད་ཚད་གཞི་ཡོད་པས། ང་ཚོས་སུའུ་ཏན་གྱི་མི་གཞན་གྱི་ལག་ཏུ་སྤྲད་ནས་ཁྲིམས་ཐག་གཅོད་དུ་འཇུག་མི་སྲིད་ལ། ང་ཚོར་རང་ཉིད་ཀྱི་ཁྲིམས་འཛིན་ལས་ཁུངས་དང་བཅའ་ཁྲིམས་ཡོད་ཟེར། 

ཀྲ་དབྱེ་ནཱ་ལེ་ཨ་པུའུ་ཏེན་གྱིས་བསྟན་དོན། བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་གི་མིག་སྔའི་ལས་འགན་ནི་སུའུ་ཏན་གྱི་བདེ་འཇགས་དང་གཏན་འཇགས་སྲུང་འཛིན་བྱེད་པ་དེ་ཡིན་ལ། རྙོག་འཛིང་གི་གནས་ཚུལ་གང་རུང་འབྱུང་བར་བཟོད་སྒོམ་བྱེད་མི་སྲིད་ཟེར། 

སུའུ་ཏན་གྱི་རྒྱལ་སྲུང་བློན་ཆེན་ཨེ་ཧཱ་མེད་ཏི་དབྱེ་པིན་ཨོ་ཧྥུའུ་ཡིས་ཚེས་བཅུ་གཅིག་ཉིན་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཙུང་ཐུང་པཱ་ཞེ་ཨར་གྱི་སྲིད་དབང་རྩ་རྫོགས་བྱས་པ་དང་། རྒྱལ་ཁབ་ཀྱི་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་སྒྲོག་བྱས། ཁོས་ད་རུང་དམག་དོན་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས་ལོ་གཉིས་ཀྱི་བར་བརྒལ་དུས་ཡུན་ནང་རྒྱལ་ཁབ་ལ་དོ་དམ་བྱེད་རྒྱུ་ཁྱབ་སྒྲོག་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།