ཀྲུང་གོ་བོད་ཀྱི་དྲ་བ།

ཁུ་པཱའི་རྩ་ཁྲིམས་གསར་བ་ལས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུ་པཱ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་བ་ཚེས་བཅུ་ཉིན་དངོས་སུ་ནུས་ལྡན་དུ་གྱུར་བ་དང་། རྩ་ཁྲིམས་གསར་བ་ལས་ཁུ་པཱའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བསྒྱུར་མི་རུང་བ་དང་། ཁུ་པཱ་གུང་ཁྲན་ཏང་ནི་ཁུ་པཱའི་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་ཆེས་མཐོའི་མགོ་ཁྲིད་སྟོབས་ཤུགས་ཡིན་པ་ནན་བཤད་བྱས།

ཁུ་པཱ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་ལའོ་ཨར་ཁཱ་སི་ཐི་ལོ་ཡིས་ཚེས་བཅུ་ཉིན་ཁུ་པཱའི་སྐབས་དགུ་བའི་རྒྱལ་ཡོངས་མི་དམངས་སྲིད་དབང་གི་འཐུས་མིའི་ཚོགས་ཆེན་གྱི་དམིགས་བསལ་གྲོས་ཚོགས་ཐེངས་གཉིས་པའི་སྟེང་རྩ་ཁྲིམས་གསར་བ་དངོས་སུ་ནུས་ལྡན་དུ་གྱུར་བ་ཁྱབ་སྒྲོག་བྱས།

རྩ་ཁྲིམས་གསར་བས་གཅིག་སྟོང་དགུ་བརྒྱ་དོན་དྲུག་ལོར་ཁྱབ་སྒྲོག་བྱས་པའི་ད་ལྟའི་རྩ་ཁྲིམས་ཀྱི་ཚབ་བྱེད་རྒྱུ་ཡིན་པ་དང་། ལེའུ་བཅུ་གཅིག་དང་དོན་ཚན་ཉིས་བརྒྱ་དང་ཉེར་དགུས་གྲུབ་ཡོད་ལ། སྔོན་ཆད་ཀྱི་རྩ་ཁྲིམས་ལས་དོན་ཚན་གོ་གཉིས་ཀྱིས་མང་ཡོད་པ་རེད། རྩ་ཁྲིམས་གསར་བ་ལས་ཁུ་པཱའི་ཆབ་སྲིད་དང་དཔལ་འབྱོར་ཐད་ལ་གཏན་འཁེལ་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།