ཀྲུང་གོ་བོད་ཀྱི་དྲ་བ།

ཧཱ་སག་སི་ཐན་གྱིས་ཟླ་དྲུག་པའི་ནང་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྔ་སྣུར་གྱིས་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཉེ་སྔོན་ཙུང་ཐུང་བཀའ་རྒྱ་བཀོད་དེ། ཧཱ་སག་སི་ཐན་གྱི་ཙུང་ཐུང་འདེམ་བསྐོའི་དུས་ཚོད་དེ་ད་ལོའི་ཟླ་དྲུག་པའི་ཚེས་དགུའི་ཉིན་སྔོན་ལ་སྣུར་རྒྱུ་ཡིན་ཟེར། 

ཐའོ་ཁཱ་ཡེ་ཧྥུའུ་ཡིས་བཤད་རྒྱུར། ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐོག་མ་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་དང་གྲོས་ཁང་གཉིས་ཀྱི་གྲོས་དཔོན། སྲིད་གཞུང་གི་ཙུང་ལི། ཏང་ཁག་སོ་སོའི་མགོ་ཁྲིད་པ། རྩ་ཁྲིམས་ཨུ་ཡོན་ལྷན་ཁང་བཅས་ཀྱི་བར་གྲོས་མོལ་བྱས་རྗེས། ཁོས་རྩ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་ནས་ཙུང་ཐུང་འདེམ་བསྐོའི་དུས་ཚོད་དེ་ད་ལོའི་ཟླ་དྲུག་པའི་ཚེས་དགུའི་ཉིན་སྔོན་ལ་སྣུར་རྒྱུ་ཐག་བཅད་པ་ཡིན་ཟེར། 

ཐའོ་ཁཱ་ཡེ་ཧྥུའུ་ཡིས་བསྟན་དོན། ཆབ་སྲིད་དང་སྤྱི་ཚོགས་ཀྱི་འཆམ་མཐུན་མདུན་སྐྱོད་ལ་འགན་སྲུང་བྱེད་པ་དང་། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་འགན་ཐག་གཅོད་བྱེད་པར་གཏན་འཇགས་མིན་པའི་རྒྱུ་རྐྱེན་ཡོད་ཚད་མེད་པར་གཏོང་དགོས་ལ། ཞོར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགྱུར་ལྡོག་ཆེ་བས། ཧཱ་སག་སི་ཐན་གྱིས་རྒྱལ་ཁབ་རང་གི་ཕྱི་ཕྱོགས་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་སྔོན་དཔག་རང་བཞིན། གཏན་འཇགས་རང་བཞིན་བཅས་ལ་འགན་སྲུང་བྱ་དགོས། དེ་བས་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་སྔ་སྣུར་བྱེད་པའི་དགོས་པ་ཡོད་ཟེར། 

ཐའོ་ཁཱ་ཡེ་ཧྥུའུ་ཡིས་ནན་གྱིས་བསྟན་དོན། ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་འདྲ་མཉམ་དང་དྲང་བདེན། མངོན་གསལ་བཅས་ལྡན་པའི་སྒོ་ནས་སྤེལ་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།