ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་བར་སྣང་འཇབ་རྒོལ་བྱས་ཏེ་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བཅུ་གསུམ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་དམག་ཕྱོགས་ཀྱིས་ཚེས་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཤར་ཕྱོགས་ཀྱི་ཅཱ་ཙི་ནེ་ཞིང་ཆེན་དང་ཕཱ་ཁི་ཐིས་ཁཱ་ཞིང་ཆེན་གྱི་ཐཱ་ལེ་པན་དྲག་ཆས་པའི་སྦས་སྐོང་བྱེད་སར་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་དྲག་ཆས་ཉེས་ཅན་བཅུ་གསུམ་བསད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཅཱ་ཙི་ནེ་ཞིང་ཆེན་གྱི་ཨན་ཏཱ་ཨར་ས་ཁུལ་དང་ཕཱ་ཁི་ཐིས་ཁཱ་ཞིང་ཆེན་གྱི་པཱ་ཨར་མཱ་ལེ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། སོ་སོར་དྲག་ཆས་ཉེས་ཅན་ལྔ་དང་བརྒྱད་བསད་པ་དང་། གཞན་ཡང་དྲག་ཆས་ཉེས་ཅན་མང་བོར་བར་སྣང་འཇབ་རྒོལ་ཁྲོད་རྨས་ཕོག་ཡོད་ཟེར།

ཐཱ་ལེ་པན་གྱིས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།

ཉེ་སྔོན་ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་དང་ཐཱ་ལེ་པན་བར་འཁྲུག་རྩོད་རྒྱུན་ཆད་མེད་པར་འབྱུང་བཞིན་ཡོད། གཟའ་འཁོར་སྔོན་མར་ཐཱ་ལེ་པན་གྱིས་ཨ་ཧྥུའུ་ཧན་ནུབ་ཕྱོགས་ཀྱི་པཱ་ཏི་ཅི་སི་ཞིང་ཆེན་དུ་ས་ཁུལ་གཉིས་བཙན་བཟུང་བྱས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།