ཀྲུང་གོ་བོད་ཀྱི་དྲ་བ།

ལི་པུ་ཡཱའི་རྒྱལ་ས་ནས་དྲག་ཆས་འཁྲུག་རྩོད་བྱུང་སྟེ་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། ཟླ་འདིའི་ཚེས་བཞི་ཉིན་གྱི་ཚུན་ལ། མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་དམག་དཔུང་དང་ལེ་པུ་ཡཱའི་ཤར་ཕྱོགས་དྲག་ཆས་སྟོབས་ཤུགས་རྒྱལ་དམངས་དམག་དཔུང་གིས་རྒྱལ་ས་ཏི་ལེ་པའོ་ལི་ནས་དྲག་ཆས་འཁྲུག་རྩོད་བྱས་ཏེ་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་ཟེར། 

བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱི་འཁྲུག་རྩོད་ལས་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་བདུན་ལ་རྨས་ཕོག་ཟེར། བསྒྲགས་པའི་གནས་ཚུལ་ལས་ཤི་རྨས་ཐེབས་པའི་མི་སྣའི་ཐོབ་ཐང་གསལ་བོར་བརྗོད་མེད། 

ཟླ་འདིའི་ཚེས་བཞིའི་ཉིན། རྒྱལ་དམངས་དམག་དཔུང་གིས་ཏི་ལེ་པའོ་ལི་རུ་དམག་དོན་འགུལ་སྐྱོད་སྤེལ་ཏེ། ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་དམག་དཔུང་བར་འཁྲུག་རྩོད་བྱས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།