ཐུ་ནི་ཞི་ཡཱའི་ཙུང་ཐུང་གིས་སྐབས་རྗེས་མའི་ཙུང་ཐུང་འདེམ་བསྐོའི་ནང་ཞུགས་མི་སྲིད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཐུ་ནི་ཞི་ཡཱའི་ཙུང་ཐུང་ཨེ་སེ་པུའུ་ཞི་ཡིས་ཚེས་དྲུག་ཉིན་བསྟན་དོན། ཁོ་རང་སྐབས་རྗེས་མའི་ཙུང་ཐུང་འདེམ་བསྐོའི་ནང་ཞུགས་འདོད་མེད་ཀྱང་། མིག་སྔར་ད་རུང་མཇུག་མཐའི་ཆོད་དོན་སྤེལ་མེད་ཟེར།

ཨེ་སེ་པུའུ་ཞི་ཉིན་དེར་ཐུ་ནི་ཞི་ཡཱའི་འབོད་སྐུལ་ཏང་གི་བྱ་འགུལ་ལ་ཞུགས་སྐབས་བཤད་རྒྱུར། ཐུ་ནི་ཞི་ཡཱ་ཡིས་མགོ་ཁྲིད་པ་གསར་བ་ཞིག་བདམས་ཏེ་རྒྱལ་ཁབ་ཉམས་ཉེན་ལས་ཐར་དུ་འཇུག་དགོས། ཐུ་ནི་ཞི་ཡཱ་ལ་བཅོས་བསྒྱུར་བྱེད་དགོས་པ་དང་། རྒྱལ་ཁབ་འདིར་འཇོན་ཐང་ལྡན་པའི་ན་གཞོན་མང་བོ་ཡོད་ལ། ཁོ་ཚོར་སྔར་ལས་མང་བའི་གོ་སྐབས་སྟེར་དགོས་ཟེར།

ཐུ་ནི་ཞི་ཡཱ་ཡིས་ད་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།