ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རང་ཟུམ་ནད་བྱུང་མཁན་ལ་དགོས་ངེས་ཀྱི་རོགས་འདེགས་ལག་རྩལ་ཐོབ་པར་ཁག་ཐེག་བྱ་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2019-04-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློགགའཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་གཉིས་ཉིན་བསྟན་དོན། རང་ཟུམ་ནད་བྱུང་མཁན་ལ་དགོས་ངེས་ཀྱི་རོགས་འདེགས་ལག་རྩལ་ཐོབ་པར་ཁག་ཐེག་བྱས་ཏེ། དེ་དག་གིས་སྒེར་ཚུགས་སུ་འཚོ་བ་རོལ་བ་དང་སྤྱི་ཚོགས་ཀྱི་འཚོ་བའི་ནང་རྒྱ་ཆེར་ཞུགས་པར་རོགས་རམ་བྱ་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་འཛམ་གླིང་གི་རང་ཟུམ་ནད་ཀྱི་འདུ་ཤེས་ཇེ་མཐོར་གཏོང་བའི་ཉིན་མོར་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། རོགས་འདེགས་ལག་རྩལ་དེ་རང་ཟུམ་ནད་བྱུང་མཁན་གྱིས་གཞི་རྩའི་ཁེ་ཕན་ལག་བསྟར་བྱེད་པར་གལ་འགངས་ཧ་ཅང་ཆེ། ཡིན་ཡང་དོན་དངོས་བཀོལ་སྤྱོད་ཁྲོད་སྔར་བཞིན་མ་རྩ་མཐོ་དྲགས་པ་དང་སྤྱི་ཚོགས་ཀྱི་ཁས་ལེན་གྱི་ཚད་དམའ་བ་སོགས་བཀག་རྒྱ་ཆེན་པོ་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཁོས་ན་ནིང་འཐབ་ཇུས་གསར་བ་ལག་བསྟར་བྱས་ཏེ། གསར་དར་གྱི་རོགས་འདེགས་ལག་རྩལ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་དབང་བོ་སྐྱོན་ཅན་གྱི་ཁེ་དབང་སྤྱི་ཆིངས་སོགས་ཀྱི་རིན་ཐང་ལྟ་ཚུལ་དང་འཚམ་པར་ཁག་ཐེག་བྱས་ཡོད། ཁོས་ད་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འདྲ་མཉམ་དང་དྲང་བདེན། བཟོད་སྒོམ་སོགས་ཀྱི་རིན་ཐང་ལྟ་བའི་དམ་བཅའ་བསྐྱར་སྒྲོག་བྱས་པ་དང་། རང་ཟུམ་ནད་བྱུང་མཁན་ཚང་མར་ཁོ་ཚོའི་གཞི་རྩའི་ཁེ་དབང་དང་རང་དབང་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་རོགས་འདེགས་ལག་རྩལ་ཐོབ་པར་བྱས་ཏེ། ནད་པ་ཚང་མ་སྤྱི་ཚོགས་ཀྱི་བྱ་འགུལ་ནང་རྒྱ་ཆེར་ཞུགས་སུ་འཇུག་དགོས་པའི་འབོད་སྐུལ་བཏང་། 

རང་ཟུམ་ནད་ནི་ཚབས་ཆེ་བའི་དབང་རྩའི་སྐྱེ་འཕེལ་གྱི་བཀག་རྒྱ་ཞིག་ཡིན་པ་དང་། ཁྱད་ཆོས་གཙོ་བོ་ནི་འདང་བརྩེ་ལ་རྩིས་མཐོང་ཆེར་མེད་པ་དང་། འབྲེལ་འདྲིས་མི་བྱེད་པ། བརྡ་སྤྲོད་པར་བཀག་རྒྱ་ཡོད་པ། སྤྲོ་བ་ཡོད་པའི་ཁྱབ་ཁོངས་ལ་ཚད་བཀག་ངེས་ཅན་ཡོད་པ་སོགས་རེད། མིག་སྔར་རང་ཟུམ་ནད་ནི་འཛམ་གླིང་སྟེང་བྱུང་ཚད་ཆེས་མཐོ་ཞིང་ཆེས་མྱུར་བའི་ནད་ཅིག་རེད། 

ཉིས་སྟོང་བདུན་ལོའི་ཟླ་བཅུ་གཉིས་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་གྲོས་ཆོད་བཀོད་དེ། ཉིས་སྟོང་བརྒྱད་ལོ་ནས་བཟུང་ལོ་རེའི་ཟླ་བཞི་བའི་ཚེས་གཉིས་ཉིན་ནི་འཛམ་གླིང་གི་རང་ཟུམ་ནད་ཀྱི་འདུ་ཤེས་ཇེ་མཐོར་གཏོང་བའི་ཉིན་མོར་གཏན་འཁེལ་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།