ཀྲུང་གོ་བོད་ཀྱི་དྲ་བ།

དྲག་རླུང་འཚུབ་རྗེས།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༄༅།།དྲག་རླུང་འཚུབ་རྗེས།

     མི་དམངས་དྲ་བའི་གློག་འཕྲིན་ལྟར། བལ་ཡུལ་ལྷོ་རྒྱུད་དུ་ཟླ་3ཚེས་31ཉིན་དྲག་རླུང་དང་གློག་འཁྱུག་པའི་གནོད་རྐྱེན་བྱུང་བ་དང་། མིག་སྔར་ཉུང་མཐར་ཡང་མི་25རྐྱེན་ལམ་དུ་ཤོར་བ་དང་། མི་400ལ་རྨས་སྐྱོན་ཕོག་ཡོད། ས་གནས་དེ་གའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། དྲག་རླུང་དང་གློག་འཁྱུག་པའི་གནམ་གཤིས་ནི་ས་གནས་དེ་གའི་དགོང་མོའི་ཆུ་ཚོད་7ཙམ་ནས་འགོ་བརྩམས་ཤིང་། ཆུ་ཚོད་གཅིག་རིང་རྒྱུན་བསྲིང་བ་རེད། མི་ལ་ཤི་རྨས་བྱུང་བ་མ་ཟད། ཁང་པ་དང་རླངས་འཁོར་ལའང་གཏོར་སྐྱོན་བཟོས་ཡོད། 

༄༅།།དྲག་རླུང་འཚུབ་རྗེས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།