ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སྐབས་སུམ་ཅུ་བའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་བསྡུས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཁམས་པའི་དྲ་བ།     སྤེལ་དུས། : 2019-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་སོ་གཅིག་ཉིན་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་རེས་མོས་ཀྲུའུ་ཞི་ཐུའུ་ཉི་སིའི་ཙུང་ཐུང་ཨེ་སར་པོ་ཞི་ལ་གློག་འཕྲིན་བཏང་སྟེ།སྐབས་སུམ་ཅུ་བའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐུའུ་ཉི་སི་གྲོང་ཁྱེར་ནས་བསྡུས་པར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་ཆེན་པོ་བཏོན་པ་དང་། ཆབ་སྲིད་ཀྱི་ཐབས་ལམ་ལ་བརྟེན་ནས་གནད་དོན་གཙོ་བོ་ཐག་གཅོད་པར་སྣེ་ཁྲིད་བྱས་ཏེ། ཨ་རབ་རྒྱལ་ཁབ་ཀྱི་མཉམ་འབྲེལ་རང་སྤེལ་མངོན་འགྱུར་བྱེད་པའི་ཐད་འབད་འཐབ་ལྷོད་མེད་བྱས་པ་དེར་ངས་བསྔགས་བརྗོད་ཆེན་པོ་བྱེད་ཀྱིན་ཡོད་ཟེར། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་སྲོལ་རྒྱུན་མཛའ་བརྩེ་ཧ་ཅང་ཟབ། ན་ནིང་གི་ཟླ་བདུན་པའི་ནང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་ཀྱི་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་པེ་ཅིན་ནས་རྒྱལ་ཁའི་ངང་བསྡུས་པ་དང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་ཕྱོགས་གཉིས་ཁྱོན་ཡོངས་ཀྱི་མཉམ་ལས་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བ། མ་འོངས་བར་ཁ་གཏད་པའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་པར་འཐད་པ་བྱུང་ཡོད། དེ་ནི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་བར་གྱི་མཉམ་ལས་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བ་ཡིན་པས། ཀྲུང་གོས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་དང་མཉམ་དུ་འབད་འཐབ་བྱས་ནས། འཐབ་ཇུས་རྟོན་རེས་ཇེ་དྲག་ཏུ་གཏོང་བ་དང་། དངོས་གཉེར་མཉམ་ལས་སྤེལ་བ། མི་གཞུང་བརྗེ་རེས་དམ་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་ཕྱོགས་གཉིས་ཀྱིས་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་འགུལ་སྐྱོད་ཀྱི་བསྒྲགས་གཏམ་ལག་བསྟར་བྱེད་པ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཐད་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་གསར་གཏོད་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པའི་ཐད་བྱས་རྗེས་འཇོག་འདོད་ཡོད་ཟེར།


རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།