ཀྲུང་གོ་བོད་ཀྱི་དྲ་བ།

ཕིན་ཕའེ་ཨོ་ཡིས་ཨ་མེ་རི་ཁས་ཨུ་རུ་སིའི་བར་མཉམ་ལས་བྱེད་པའི་གོ་སྐབས་འཚོལ་བཞིན་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཟླ་བཞི་བའི་ཚེས་གཅིག་ཉིན་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་ནམ་རྒྱུན་ཨུ་རུ་སིའི་བར་གྲོས་མོལ་དང་མཉམ་ལས་བྱེད་པའི་གོ་སྐབས་འཚོལ་བཞིན་ཡོད་ཟེར།

ཕིན་ཕའེ་ཨོ་ཡིས་ཉིན་དེར་ཨ་མེ་རི་ཁའི་སྐམ་དམག་དམག་དོན་སློབ་གླིང་ནས་གཏམ་བཤད་སྤེལ་ཏེ་དྲི་བ་དང་ལེན་བྱས། ཨུ་རུ་སི་དང་ངན་འབྲེལ་བྱས་པའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་པའི་བྱ་བ་མཇུག་སྒྲིལ་རྗེས་ཨ་མེ་རི་ཁ་དང་ཨུ་རུ་སིའི་འབྲེལ་བར་ལེགས་བཅོས་འབྱུང་མིན་གྱི་གནད་དོན་གླེང་སྐབས་ཕིན་ཕའེ་ཨོ་ཡིས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་ནམ་རྒྱུན་ཨུ་རུ་སིའི་བར་ཐུན་མོང་ཁེ་ཕན་ཡོད་པའི་ཁྱབ་ཁོངས་ནས་མཉམ་ལས་བྱེད་པའི་གོ་སྐབས་འཚོལ་བཞིན་ཡོད་ཟེར།

ཕིན་ཕའེ་ཨོ་ཡིས་ད་རུང་ཨུ་རུ་སིའི་ཕྱོགས་དང་མཉམ་དུ་ཐུན་མོང་ཁེ་ཕན་ཆེར་མེད་པའི་ཁྱབ་ཁོངས་ནས་ཀྱང་གྲོས་མོལ་བྱེད་པའི་རེ་བ་བཅངས་ཡོད་པའི་ཚུལ་བསྟན། ཁོས་ཞོར་དུ་ཨུ་རུ་སིའི་དམག་ཕྱོགས་ངེས་པར་དུ་ཝེ་ནེ་ཙུའེ་ལཱ་དང་འབྲལ་དགོས་པའི་ཚུལ་བསྟན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།