ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཐུའུ་ལཱ་ཀྲིག་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཐུའུ་ལཱ་ཀྲིག་ནས་ཟླ་བཞི་བའི་ཚེས་གཅིག་ཉིན་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ། རླངས་འཁོར་སྟེང་གི་མི་ལྔ་ཚང་མ་རྐྱེན་ལམ་དུ་ཤོར།

བསྒྲགས་པ་ལྟར་ན། མའོ་སི་ཁིའི་དུས་ཚོད་ཚེས་གཅིག་ཉིན་གྱི་དུས་ཚོད་གསུམ་དང་སྐར་མ་ལྔ་བཅུའི་ཡས་མས་སུ། རླངས་འཁོར་ཆུང་བ་ཞིག་ཐུའུ་ལཱ་ཀྲིག་མའོ་སི་ཁི་གསར་བའི་ཧྥུའུ་སི་ཁི་ནས་སོ་ཁི་ལེ་ནེ་ཅི་བར་གྱི་གཞུང་ལམ་སྟེང་ནས་ལམ་འགྲམ་གྱི་གྲོག་རོང་ནང་ལྷུང་བ་དང་། ལམ་འགྲམ་གྱི་སྡོང་བོར་ཐོ་བརྒྱབ་སྟེ། ཁ་ལོ་བ་དང་བཅས་པའི་མི་ལྔ་བོ་ཚང་མ་རྐྱེན་ལམ་དུ་ཤོར།

གཞན་ཡང་བསྒྲགས་པ་ལྟར་ན། རྒུད་སྐྱོབ་མི་སྣས་དོན་རྐྱེན་བྱུང་སའི་ཡུལ་དངོས་ནས་འདས་པོ་ལྔ་བོའི་བེམ་པོ་རྙེད་པ་དང་། ཚང་མ་སྐྱེས་པ་ཡིན་ལ། ཆ་སྙོམས་ལོ་ཚོད་སུམ་ཅུ་ལས་བརྒལ་མེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།