ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིས་ཀྲུང་གོའི་ཤིན་ཅང་སྲིད་ཇུས་ལ་དོན་མེད་སྐྱོན་འཛུཊ་བྱས་པ།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2019-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་དེ་སྔ་ཀྲུང་གོའི་“ཡང་བསྐྱར་སློབ་གསོ་གཏོང་བའི་སྒར་ཤོག་”ཟེར་བར་འགྲོ་མྱོང་མཁན་གྱི་ཡུ་གུར་བ་ཞིག་ལ་ཐུག་འཕྲད་བྱས་ཤིང་། ཡུ་གུར་བ་དེས་དེ་རུ་“མནར་གཅོད་”ཅི་འདྲ་མྱངས་པའི་སྐོར་ཕེང་ཕེ་ཨའོ་ལ་བཤད་རྗེས། ཕེང་ཕེ་ཨའོ་ཡིས་ཀྲུང་གོར་སྐྱོན་འཛུགས་བྱས་ཡོད། སྤྱི་ཟླ་3ཚེས་28ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་དེའི་ཐད། ཤིན་ཅང་གིས་ལས་རིགས་རྩལ་ནུས་སློབ་གསོ་སྦྱོང་བརྡར་ལས་ཁུངས་བཙུགས་པ་དེ་ནི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དགོས་མཁོ་སྐོང་ཆེད་དུ་སྤྱད་པའི་སྔོན་འགོག་བྱེད་ཐབས་ཡིན་ཞིང་། འབྲེལ་ཡོད་ཀྱི་བྱེད་ཐབས་ཁྲིམས་དང་ཡོངས་སུ་མཐུན་པ་དང་། མི་རིགས་ཁག་གི་མི་དམངས་ཀྱིས་སྙིང་ཐག་པ་ནས་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་ཡོད་ལ། སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད། དོན་དངོས་ལས་ར་སྤྲོད་བྱས་པར། སློབ་གསོ་སྦྱོང་བརྡར་ལྟེ་གནས་དེ་ནི་ཨ་རིས་འུད་སྒྲོག་བྱས་པའི་ “ཡང་བསྐྱར་སློབ་གསོ་གཏོང་བའི་སྒར་ཤོག་”ཟེར་བ་གཏན་ནས་མིན་པ་དང་། ཨ་རིའི་འབྲེལ་ཡོད་མི་སྣས་བཤད་པའི་ཤིན་ཅང་དང་འབྲེལ་བའི་གཏམ་སྤྱོད་ལ་ཁུངས་ལུང་མེད་ཅིང་། དེ་ནི་ཀྲུང་གོའི་ནང་སྲིད་ལ་བཙན་ཤེད་དང་རྩུབ་སྤྱོད་ཀྱིས་ཐེ་གཏོགས་བྱས་པ་ཡིན་པས། ཀྲུང་གོ་དེར་ཧ་ཅང་མི་དགའ་བ་མ་ཟད་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཨ་རིའི་ཕྱོགས་ལ་འབྲེལ་གཏུག་ནན་པོ་བྱས་ཟིན་ཞེས་བསྟན་ཡོད། ཀེང་ཧྲོང་གིས་ད་དུང་ཨ་རིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་ཤིན་ཅང་གི་སྲིད་ཇུས་ཐད་ཁུངས་མེད་སྐྱོན་བརྗོད་དང་སྐུར་འདེབས་བྱས་པ་དེ་ང་ཚོས་རྩ་བ་ནས་དང་ལེན་བྱེད་ཀྱི་མེད། ཨ་རི་ཕྱོགས་ཀྱིས་དོན་དངོས་ལ་བརྩི་འཇོག་དང་། ཕྱོགས་ཞེན་དོར་ནས་ཀྲུང་གོར་ངན་སེམས་བཅངས་ཏེ་དོན་མེད་སྐྱོན་འཛུགས་བྱེད་མཚམས་འཇོག་རྒྱུ་དང་། ཤིན་ཅང་དང་འབྲེལ་བའི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་བཞག་ནས། ཀྲུང་ཨའི་དབར་ཕན་ཚུན་ཡིད་ཆེས་དང་མཉམ་ལས་ཡོང་བར་ཕན་པའི་ལས་ཀ་མང་ཙམ་བྱེད་པའི་རེ་བ་ཡོད་ཅེས་བསྟན་འདུག །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།